༄༅། །མཆོད་དབྱངས་དད་པའི་མཎྜལ། | LhaNgam Phun Sum Presents Choeyang Dhadpay Mentrel| 2023

แชร์
ฝัง
  • เผยแพร่เมื่อ 13 ก.ย. 2024
  • ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༥ ལྷག་དཀར་དགེ་བའི་ཉིན། ལྷ་ངམ་ཕུན་གསུམ་བརྟན་བཞུགས་བསྟར་འབུལ་གྱི་མཆོད་དབྱངས་དད་པའི་མཎྜལ།
    ཚིག ལྷ་སྒང་ཆོས་གྲགས།
    གཞས་པ། ཆོས་གྲགས།
    དབྱངས། ཆོས་གྲགས།
    #Tibetan new song.
    Long Life Offering to His Holiness The Dalai Lama on 25th October 2023 by LhaNgam Phun Sum.
    Choeyang Dhadpay Mentrel
    Lyrics : Lhagang Choedak
    Singer : Choedak
    Music Composer : Choedak

ความคิดเห็น • 4

  • @phuntsoktashi1213
    @phuntsoktashi1213 10 หลายเดือนก่อน +1

    ཁ་སྔོན་བརྟན་བཞུགས་སྐབས་ཚིག་ཆ་ཚང་བ་གོ་མ་བྱུང་ཡང་། སེམས་སྐྱོ་ལྷང་ལྷང་འདྲ་བྱུང་། དེ་རིང་གཞས་ཚིག་བཀོད་འདུག་པས་ཧ་ཅང་སྙན་པོ་བྱུང་།

  • @thuptenrinchen843
    @thuptenrinchen843 10 หลายเดือนก่อน +1

    ལྷ་ངམ་ཕུན་གསུམ་བརྟན་བཞུགས། མཆོད་དབྱངས་དད་པའི་མཎྜལ།
    ཚིག ལྷ་སྒང་ཆོས་གྲགས།
    གཞས། ཆོས་གྲགས།
    ༧ལྷ་གཅིག་ཕྱག་ན་པདྨོ་སྤྱན་རས་གཟིགས།
    ལྷ་སྐལ་གངས་ཅན་མགོན་པོ་ཡིད་བཞིན་ནོར།
    ལྷ་བཅས་འགྲོ་བ་ཡོངས་ཀྱི་གཏན་གྱི་སྐྱབས།
    ༧ལྷ་མཆོག་ཁྱེད་ལ་སྙན་པའི་མཆོད་དབྱངས་འབུལ།།
    ལྷ་རྫས་དྲི་མེད་མཇལ་དར་དཀར་པོ་འདི།
    ལྷ་ཕྱག་སྟོང་གི་མཁའ་ལ་འདེགས་བཞིན་དུ།
    ལྷ་ངམ་ཕུན་གསུམདམ་གཙང་ཆབ་འབངས་ཀྱིས།
    ༧ལྷ་ཁྱེད་སྐུ་ཚེ་བརྟན་བཞུགས་གསོལ་བ་འདེབས།
    ལྷ་ལམ་དབྱིངས་ནས་ཉི་མ་ཟླ་བ་ཟུང་།
    ལྷ་མེར་གཟི་བྱིན་འོད་དུ་འཚེར་བ་བཞིན།
    ལྷ་ལྡན་ས་བླའི་སྨན་ལྗོངས་ཞིང་ཁམས་སུ།
    ༧ལྷ་ཁྱེད་ཞབས་གསོར་ཉི་ཟླ་འཛུམ་པར་མཛོད།
    ལྷ་ངམ་ཕུན་གསུམ་ལྷ་སྡེ་མི་སྡེ་ཡིས།།
    ལྷ་ལྷ་ང་ས་ལ་བཙུགས་ཤིང་ཐལ་སྦྱར་ངང་།
    ལྷ་ལྷ་ཡི་རིན་ཆེན་མཎྜལ་ཕུལ་བ་ལས།།
    ༧ལྷ་ཁྱེད་སྐུ་ཚེ་མི་འགྱུར་རྡོ་རྗེར་བརྟན།

    • @lhagangchoedak2541
      @lhagangchoedak2541  10 หลายเดือนก่อน

      གཞས་ཚིག་ཡིག་ཐོག་ཏུ་འབེབ་འགོད་གནང་བར་ཐུགས་རྗེ་ཆེ།