༄༅།ཟམ་གདོང་རིན་པོ་ཆེའི་བོད་ཀྱི་ཤེས་རིག་ལ་ལེགས་སྐྱེས། S.Rinpochoe's contribution to Tibetan Education

แชร์
ฝัง
  • เผยแพร่เมื่อ 13 ก.ย. 2024

ความคิดเห็น • 4

  • @weihu3406
    @weihu3406 10 หลายเดือนก่อน

    🙏🙏🙏

  • @kalsangtashi5505
    @kalsangtashi5505 10 หลายเดือนก่อน

    🙏🙏🙏🙏🙏🙏💐

  • @legmonngagnam9483
    @legmonngagnam9483 10 หลายเดือนก่อน

    བློ་ཕམ་པ་ཞིག་ལ་ཝར་ན་སློབ་འགྲྭ་ནས་ཐོན་པའི་གྲས་ནས་བོད་ཀྱི་བཅུ་ཕྲག་རིག་པར་མཁས་པ་འདི་བྱུང་ཡོད་ཟེ་སྟོན་རྒྱུ་མེད་པ་ལྟ་བུ་རེད།

    • @lhagangchoedak2541
      @lhagangchoedak2541  10 หลายเดือนก่อน +1

      དེ་འདྲ་རང་མ་གསུངས། བོད་ཀྱི་སྒྲ་རིག་པ་ལ་མཁས་པ་འགོས་པདྨ་རྒྱལ་མཚན་གཙོས་པའི་མིང་གྲགས་པའི་མཁས་པ་མང་པོ་ཞིག་ཡོད་རེད། ལེགས་བོད་སྒྲ་བསྒྱུར་གྱི་གནས་ལ་མཁས་པ་ལོ་ཙཱ་བ་བློ་བཟང་ནོར་བུ་དང་ཟླ་བ་ཤར་པ་སོགས་ཕྱི་ནང་གང་དུ་བཙལ་ཡང་རྙེད་པར་དཀའ་བའི་ཚོད་རེད། གནའ་དེང་ཤེས་བྱ་རིག་པའི་གནས་ཀུན་ལ་བྱང་ཆུབ་པ་མཐོ་སློབ་ཀྱི་ཉེ་བའི་རིག་བདག་ཟུར་པ་དགེ་བཤེས་ངག་དབང་བསམ་གཏན་གྱིས་གཙོས་ཤེས་ལྡན་མི་སྣ་བྱས་པ་ཅན་མི་ཉུང་བ་ཞིག་ཡོད་རེད། ལོ་རྒྱུས་སྨྲ་བ་ལ་ནི་གཞན་འདྲིང་མི་འཇོག་པ་སློབ་དཔོན་བྱམས་པ་བསམ་གཏན་ལགས་སོགས་སློབ་གྲྭ་ཆེ་འབྲིང་ཁག་གིས་ལོ་རྒྱུས་དགེ་རྒན་གནང་མཁན་མང་པོ་རེད། རང་ངོས་ནས་ཀྱང་འཇོན་མིན་མ་ལྟོས་པར་དབུས་གཙང་ལོ་རྒྱུས་པུ་ཏི་གསུམ་བྲིས་པ་ཡིན། དེ་བཞིན་བོད་ཀྱི་གསོ་རིག་ལ་མཁས་པ་ནི་མཁས་པའི་དབང་པོ་རཀ་རྡོ་རིན་པོ་ཆེའི་སྐྱེ་བསྲིངས་མཛད་པའི་སྨན་པ་དཀའ་བཅུ་བ་དང་འབུམ་རམས་པ་སོགས་མང་བ་ཙམ་མ་ཟད། གསོ་རིག་གི་གཞུང་ཆེན་མོ་ཀ་ཙ་ར་ཞེས་པོད་དགུ་གི་བདག་ཉིད་ཅན་དེ་ཡང་མཐོ་སློབ་ཀྱི་གསོ་རིག་སྡེ་ཚན་ནས་སྒྲ་བསྒྱུར་ཞུས་ཡོད་པ་རེད། དེས་བོད་ཀྱི་གསོ་རིག་ལ་ལེགས་སྐྱེས་བླ་ན་མེད་པ་བསྒྲུབ་རྒྱུ་གདོན་མི་ཟ་བ་རེད། དེ་བཞིན་གསོ་རིག་མཁས་པ་དགྲ་འདུལ་རྣམ་རྒྱལ་ལགས་ཀྱིས་བརྩམས་པའི་གསོ་རིག་གི་གླེགས་བམ་དག་ཀྱང་ཁྱོད་ཀྱིས་མཇལ་ཡོད་ལས་ཆེ། གཞན་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་ལྟར་རྒྱ་གར་གནའ་བོའི་རིག་གནས་བསྐྱར་གསོ་བྱས་པའི་ཕྱི་ནང་གཞུང་ཆེན་གྱི་པུ་ཏི་སྤར་སྐྲུན་བྱས་པ་རྣམས་ཁྱོད་རང་གིས་ལོ་གཅིག་བཀླགས་ནའང་བཀླག་ཚར་གྱི་མ་རེད། དེ་བཞིན་ཉེ་བའི་ཆར་པ་ལིའི་སྐད་དུ་བཞུགས་པའི་སངས་རྒྱས་ཀྱིས་དཀའ་བསྟན་རྣམས་རང་རེའི་བོད་སྐད་དུ་བསྒྱུར་བའི་བྱ་བ་རླབས་ཆེན་དེ་ཚོའང་གཙུག་ལག་སློབ་ཁང་འདི་ནས་ཐོན་པའི་ཤེས་ལྡན་པ་རྣམས་ཀྱིས་བྱས་པ་ཞིག་རེད། གཞན་ཡང་རྒྱ་གར་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་རིས་སུ་མ་ཆད་པ་གཡུ་དྲུང་བོན་དང་བཅས་པའི་གཞུང་ལུགས་ལ་བསླབ་པ་མཐར་སོན་པའི་སྐྱ་སེར་ཕོ་མོ་མང་དུ་བྱུང་བ་རྣམས་ཕལ་མོ་ཆེ། ཕྱི་རྒྱལ་གྱི་མཐོ་སློབ་ཁག་དང་ཆོས་ཚོགས་ཁག་འདྲ་མིན། དེ་བཞིན་རྒྱལ་བལ་འབྲུག་གསུམ་གྱི་གཙུག་ལག་སློབ་ཁང་དང་། དཔེ་མཛོད་ཁང་ཆེན་མོ། ཞིབ་འཇུག་སྡེ་ཚན་ཁག་དང་། ཧི་མ་ལ་ཡ་རི་བརྒྱུད་ཀྱི་དགོན་པ་ཆོས་སྡེ་འདྲ་མིན་དང་། སློབ་གྲྭ་ཆེ་འབྲིང་སྣ་ཚོགས་སུ་སློབ་དཔོན་དང་། མཁན་པོ། སློབ་སྤྱི། སློབ་སྟོན་པ། ཉམས་ཞིབ་པ། དགེ་རྒན། འཛིན་སྐྱོང་ལས་སྣེ་སོགས་གྲངས་ལས་འདས་པ་གཙུག་ལག་སློབ་ཁང་འདི་ནས་ཐོན་པ་ཤ་སྟག་རེད། མདོར་ན་སློབ་ཁང་འདི་ནས་ཐོན་པའི་ཤེས་ལྡན་ཕལ་མོ་ཆེ་བོད་པའི་ཆོས་རིག་སྐད་ཡིག་གི་ཞག་ཚི་མ་བརླག་པར་སྐད་དང་ཡིག་གེའི་རྐང་འཛིན་མི་སྣ་བྱས་ནས་བསྡད་ཡོད་པ་རྣམས། གཟུ་བོའི་བློས་སྤྱན་རས་གཡོ་ཙམ་གནང་ན་ཐུགས་དེ་འདྲ་ཆེན་པོ་རང་ཕམ་དགོས་པའི་གནས་ཡོད་མ་རེད། ངས་འདི་འུད་ཞུས་པ་གང་ཡང་མིན། མ་གཞི་ཝཱ་ཎའི་སློབ་ཟུར་ཕལ་མོ་ཆེ་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེའི་བྱིན་རླབས་ཀྱིས་རང་འཁྲིའི་ལས་འགན་ཉམ་ཆུང་ཚུལ་མཐུན་གྱིས་སྒྲུབ་མཁན་འབའ་ཞིག་ལས། སྤྱི་ཚོགས་སྟེང་མཁས་རློམ་འུར་སྒྲ་རྒྱག་མཁན་ཧ་ཅང་ཉུང་ཉུང་རེད་དོ། ཁ་བྲོ།