བསོད་ནམས་ཡེ་ཤེས། རལ་པའི་ཕ་ས།

แชร์
ฝัง
  • เผยแพร่เมื่อ 18 ต.ค. 2024
  • རལ་པའི་ཕ་ས།
    ཚིག ཨ་ནུ་བསོད་ནམས་རྒྱལ་པོ།
    དབྱངས། བློ་ཚེ།
    གཞས་པ། བསོད་ནམས་ཡེ་ཤེས།
    ___རྔ་ཆུང་རྡུངས་ཤོག་རྡུངས་ཤོག་རལ་པའི་བུ་མོ་ཚོ།
    ____ཞབས་བྲོ་རྒྱོབ་ཤོག་རྒྱོབ་ཤོག་རལ་པའི་བུ་ཆུང་ཚོ།
    ____ ཁྱུང་པོ་སྟེང་ཆེན་རལ་པའི་ཕ་ས་ཡིན།
    གཤང་ཁྲི་ལོ་གནམ་གྲགས་སྙན་ལྷང་ལྷང་།།
    རྒོད་ཐང་དཀར་འདྲ་བའི་རལ་ཕྲུག་ཚོ།།
    ལུས་ཉམས་འགྱུར་ལྡན་པའི་རལ་བཟའ་མ།།
    རྔ་བཟུང་ནས་ཉ་བཞིན་ལྡེམ་ཁྱུག་ཁྱུག།
    རྔ་ཆུང་རྡུངས་ཤོག་རལ་པའི་བུ་མོ་ཚོ།།
    ཞབས་བྲོ་རྒྱོབ་ཤོག་རལ་པའི་བུ་ཆུང་ཚོ།།
    ཡུལ་སྐྱིད་པོ་ལྷ་ཡི་དགའ་ཚལ་འདི།།
    ངའི་གངས་ལྗོངས་རལ་པའི་ཕ་ས་ཡིན།།
    ___རྔ་ཆུང་རྡུངས་ཤོག་རྡུངས་ཤོག་རལ་པའི་བུ་མོ་ཚོ།
    ____ ཞབས་བྲོ་རྒྱོབ་ཤོག་རྒྱོབ་ཤོག་རལ་པའི་བུ་ཆུང་ཚོ།
    ____ ཁྱུང་པོ་སྟེང་ཆེན་རལ་པའི་ཕ་ས་ཡིན།
    རྔ་སྟོང་རི་ཆེམས་པ་འུར་དིང་དིང་།།
    ལག་སིལ་སྙན་བཟུང་ནས་ལྡིང་སྐོར་བརྒྱབ།།
    རྒས་གཉེར་མ་བརྩེགས་པའི་རལ་བཟའ་མ།།
    ངག་གླུ་དབྱངས་ལེན་བཞིན་རྔ་ཆུང་བརྡུང་།།
    རྔ་ཆུང་རྡུངས་ཤོག་རལ་པའི་བུ་མོ་ཚོ།།
    ཞབས་བྲོ་རྒྱོབ་ཤོག་རལ་པའི་བུ་ཆུང་ཚོ།།
    ཡུལ་སྐྱིད་པོ་ལྷ་ཡི་དགའ་ཚལ་འདི།།
    ངའི་གངས་ལྗོངས་རལ་པའི་ཕ་ས་ཡིན།།
    ཕ་་་་་་་་་་་་་་་་་་་་་་་་ས་་་་་་་་་་་་་་་་་་་་་་ཡིན།།

ความคิดเห็น • 2

  • @PemaDolkar-c8g
    @PemaDolkar-c8g 8 หลายเดือนก่อน

    🙏🙏🙏

  • @elinesssem4793
    @elinesssem4793 8 หลายเดือนก่อน

    Tashi delek ❤❤❤free Tibet ❤❤❤❤❤❤❤❤❤