ཁྱུང་། བེ་རི་རང་གྲོལ།

แชร์
ฝัง
  • เผยแพร่เมื่อ 7 ก.ย. 2024
  • ཁྱུང་།
    ཚིག ལྡོང་སྐལ་བཟང་།
    དབྱངས། བེ་རི་རང་གྲོལ།
    ལེན་མཁན། བེ་རི་རང་གྲོལ།
    གནའ་སྔ་མོ་སྔ་མོ།
    བྱ་ཁྱུང་ཆེན་རྒོད་པོས།
    སྲིད་གསུམ་ཟིལ་གྱིས་གནོན་པའི་ཁྱུང་གཤོག་བརྐྱངས་ནས།
    པ་ཏ་པོ་ལིའི་རྩེ་ནས་ཞལ་ཆབ་གཏོར་བས།
    སྤུ་ཐོག་མཚོ་མོ་བསྐྱིལ་བའི་གཏམ་རྒྱུད་སྙན་མོ།
    ཁྱུང་སྐད་ལྷང་ལྷང་གསེང་ནས་རྟག་ཏུ་ཐོས་ཡོང་།
    ངོ་མཚར་གྱི་ཁྱུང་པོ། མཛེས་སྡུག་གི་སྟེང་ཆེན།
    འཕུར་ཡ། བོབས་ཡ།
    བྱ་རྒྱལ་ཁྱུང་ཆེན།
    (སྤུ་རྒྱལ་གངས་རི། ས་ཆེན་གོང་བ་གནོན་པའི་རི་རབ། གླང་ལུང་འཁྱགས་རུམ། འཁྱགས་རུམ་གྱི་གཏེར་མཛོད།
    སྤུ་ཐོག་མཚོ་མོ། བྱ་རྒྱལ་ཁྱུང་ཆེན་ཞལ་གྱི་བདུད་རྩི། མཛེས་པའི་རྩྭ་ཐང་། མེ་ཏོག་གི་རྒྱ་མཚོ།)
    གནའ་སྔ་མོ་སྔ་མོ།
    བྱ་ཁྱུང་ཆེན་རྒོད་པོས།
    རྔམ་བརྗིད་རྩལ་དྲུག་རྫོགས་པའི་ཁྱུང་སྡེར་བསྒྲད་ནས།
    ཁྱུང་ཉིལ་ལ་ཡིས་ཕྱེས་པའི་གྱིམ་ཤོད་ཡུལ་དུ།
    དཀར་ནག་སེར་གསུམ་གྲོལ་བའི་ལོ་རྒྱུས་རིང་མོ།
    ཁྱུང་རབས་པོ་ཏིའི་གསེང་ནས་རྟག་ཏུ་མངོན་ཡོང་།
    ཡིད་འོང་གི་ཁྱུང་པོ། བདེ་སྐྱིད་ཀྱི་སྟེང་ཆེན།
    འཕུར་ཡ། བོབས་ཡ།
    བྱ་རྒྱལ་ཁྱུང་ཆེན།

ความคิดเห็น • 2

  • @sherabt.t7479
    @sherabt.t7479 2 วันที่ผ่านมา

    Wow very nice 👌

  • @mikelura9592
    @mikelura9592 2 หลายเดือนก่อน

    སྙན་ཀི