མཁས་ཤིང་གྲུབ་པའི་དབང་ཕྱུག་དགེ་བཤེས་བླ་མ་དཀོན་མཆོག་གི་རྣལ་འབྱོར་མའི་ཟབ་འཁྲིད་བཞུགས་སོ། ལེའུ་གསུམ་པ།

แชร์
ฝัง
  • เผยแพร่เมื่อ 20 ส.ค. 2024
  • མཁས་ཤིང་གྲུབ་པའི་དབང་ཕྱུག་དགེ་བཤེས་བླ་མ་དཀོན་མཆོག་དཔལ་བཟང་པོ་མཆོག་གི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་འཁྲིད་བཞུགས་སོ། ལེའུ་གསུམ་པ།
    རབ་རྣལ་འབྱོར་མའི་དབང་བསྐུར་གོང་མ་དང་། མ་མཐའ་ཡང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་འོག་མ་གང་ཡང་རུང་གི་དབང་མ་ཐོབ་པར་ཆོས་འདི་དག་ཞུ་བ་ལས་ལྡོག་དགོས།
    ཐོག་མར་བླ་མ་ཚད་ལྡན་ཞིག་ལས་དབང་དང་ལུང་དགོས་ངེས་རྣམས་ཞུས་ནས་ཆོས་འདི་དག་གི་བྱིན་རླབས་དང་ནུས་པ་ལ་བརྩི་བཀུར་བྱེད་རྒྱུ་གལ་ཆེན་པོ་ཡིན།
    Vajrayogini Experiential commentary by Venerable The Great Mahasiddha Geshe Lama Konchog at Kopan Nunnery. 2000
    Audio Part 3
    Please refrain from receiving teaching if you haven't received Vajrayogini empowerment at best, and any Highest Yoga Tantra at minimum. It is important to respect the sacredness and potency of these teachings by first receiving the necessary empowerments and transmissions from a qualified teacher. Without the proper empowerment, the teachings may not be fully understood or integrated, and could potentially lead to misunderstandings or misinterpretations. So, before delving into the profound practices of Vajrayogini or any Highest Yoga Tantra, make sure you have received the proper empowerment to ensure a safe and to misunderstandings or misinterpretations. So, before delving into the profound practices of Vajrayogini or any Highest Yoga Tantra, make sure you have received the proper empowerment to ensure a safe and beneficial spiritual journey.
    ༼ དགེ་བཤེས་བླ་མ་དཀོན་མཆོག་གི་མཛད་རྣམ་སྙིང་བསྡུས། ༽
    ༄༅།། མཁས་ཤིང་གྲུབ་པའི་དབང་ཕྱུག་དགེ་བཤེས་བླ་མ་དཀོས་བླ་མ་དཀོན་མཆོག་དམ་པ་གང་ཉིད་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འདབ་ན་སྐུ་བལྟམས་ཤིང། དགུང་ལོ་དྲུག་ལ་སོན་སྐབས་བོད་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཆོས་བཞུགས་ཀྱིས་བླ་མ་སྐྱེས་ཆེན་དམ་པ་མང་པོའི་ཞབས་ལ་གཏུགས་ཏེ་བཀའ་ལུང་དབང་ཁྲིད་སོགས་ཞུས་ཏེ་གསན་བསམ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་མང་དུ་གནང་སྟེ་ཚད་ལྡན་གྱི་བཤེས་གཉེན་དང་གྲུབ་ཆེན་ཞིག་ཏུ་གྱུར།
    སྤྱི་ལོ་ ༡༩༥༩ ལོར་བོད་དུ་དུས་ཟིངས་བྱུང་རྗེས་ཁོང་ཧི་མ་ལ་ཡའི་ཉེ་འགྲམ་བལ་བོད་ས་མཚམས་ཀྱི་རི་བརྒྱུད་ཞིག་ཏུ་བྱ་བྲལ་རི་ཁྲོད་ དུ་བཞུགས་ཏེ་དེར་རྗེ་བཙུན་མི་ལ་རལ་པས་སྒོམ་སྒྲུབ་མཚམས་བཞུགས་གནང་སའི་བྲག་ཕུག་ཏུ་སྔ་ཕྱི་བསྡོམས་ལོ་ངོ་༼༢༦༽ ལྷག་ཙམ་རང་སྒོམ་སྒྲུབ་མཚམས་བཞུགས་ཉམས་ལེན་རྩེ་གཅིག་ཏུ་གནང་སྟེ་དུས་ཡུན་དེའི་སྐབས་དགེ་བཤེས་ལགས་ནས་སྨྱུང་གནས་ཆ་༼༢༠༠༠ ༽ ལ་སོགས་པའི་སྒོམ་སྒྲུབ་ཉམས་ལེན་མང་དུ་གནང་བའི་ཉམས་རྟོགས་དང་མཐུ་སྟོབས་ཀྱིས་སེམས་ཅན་གྲངས་ལས་འདས་པར་ཕན་ནུས་རྒྱ་ཆེ་སྒྲུབ་ཡོད།
    ཕྱོ་ལོ་ ༡༩༨༤ ལོ་ནས་ཟུངས་དགེ་བཤེས་ལགས་བལ་ཡུལ་ཀོ་པན་དཔལ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་དུ་བཞུགས་བཞག་གནང་སྟེ་དཔེ་འཁྲིད་དང་སློབ་སྟོན་དེ་བཞིན་ཨེ་ཤི་ཡ་དང་ཡོ་རོབས་ལ་སོགས་པའི་རྒྱལ་ཁབ་དུ་མར་བཀའ་དབང་གསུང་ཆོས་སོགས་མང་དུ་མཛད།
    ཕྱི་ལོ་༢༠༠༡ ལོའི་ཟླ་བ་ ༡༠ ཚེས་ ༡༥ ཉིན་དགེ་བཤེས་ལགས་དབུ་ན་ ༧༤ སྐབས་དགོངས་པ་ཆོས་དབྱིངས་ཐིབས་ཏེ་སྐུ་ཕུང་ཞུགས་འབུལ་སྐབས་ངོ་མཚར་གྱི་རྟགས་མཚན་དུ་མ་བསྟེན་ན་ཏེ་རིང་བསྲིལ་སོགས་འཁྲུངས་ནས་བླ་མ་སྐྱེས་ཆེན་གྲུབ་ཐོབ་ཀྱི་འབྲས་རྟགས་མངོན་སུམ་དུ་བསྟན་ཏེ་དེང་གི་དུས་སྙིགས་ཟང་ཟིང་གི་བསྟན་པའི་སྐབས་དེར་འཛམ་གླིང་ཡུལ་གྲུ་ཀུན་གྱི་སྐྱེ་འགྲོ་རྣམས་ལ་སླར་ཡང་རྨོངས་མུན་སེལ་བའི་སྒྲོན་མེ་ལྟ་བུ་བྱུང་ཡོད།🙏
    ༧སྐྱབས་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེའི་གསུང་ལས།
    འདི་སྐད་དུ།
    རིང་བསྲིལ་ནི་སངས་རྒྱས་སམ་བསྟན་འཛིན་གྱི་སྐྱེས་བུ་ཚད་ལྡན་རྣམས་སྐུ་ཚེ་ཆོས་དབྱིངས་སུ་ཐིམས་རྗེས་སྐུ་ཕུང་ཞུགས་འབུལ་རྗེས ལུས་པའི་སྐུ་རུས་སོགས་ལྟག་མ་རྣམས་ལ་རིང་བསྲིལ་ཟེར། བསྟན་འཛིནགྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་ཆོས་དབྱིངས་སུ་ཐིམས་རྗེས་སྐུ་གསུང་ཐུགས་གྱི་བྱིན་རླབས་རྣམས་འགྲོ་བའི་བརྒྱུད་ལ་ཐོབ་ པའི་ཆེད་དུ་རིང་བསྲིལ་འཇོག་པའམ་འཁྲུངས་ཀྱི་ཡོད། དཔེར་ན། དགེ་བཤེས་བླ་མ་དཀོན་མཆོག་དམ་པ་དེ་ཉིད་ཉེ་འཆར་སྐུ་ཚེ་ཆོས་དབྱིངས་སུ་ཐིམས་ཏེ་འགྲོ་བའི་ཆེད་དུ་རིང་བསྲིལ་དེ་དག་འཁྲུངས་ ཡོད།🙏

ความคิดเห็น •