ཁ་ཡོད་ལག་ཡོད་ཀྱི་གྲུབ་ཐུབ་པའི་བོད་ཀྱི་སྩ་དོན། July 9, 2024

แชร์
ฝัง
  • เผยแพร่เมื่อ 2 ต.ค. 2024

ความคิดเห็น • 4

  • @tibetanhopeDakgoboy
    @tibetanhopeDakgoboy หลายเดือนก่อน

    རང་གི་ལྷག་དཀར་སྐོར་བྲོ་མང་པོ་མང་པོ་ལྟ་ཡོད། དུས་སང་བསླེབས་བ་མི་འདུག་ཨ།

    • @tibetanvillagecanada4140
      @tibetanvillagecanada4140  หลายเดือนก่อน

      གྲོགས་པོ་ལགས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། སྙིང་ཁུངས་ནས་བཀྲིས་བདེ་ལེགས། ངས་སྒོར་གཞས་བརྙན་རྒྱབ་དགོས་དོན་གཙོ་བོ་གཅིག་ནི་ ཕྱི་རྒྱལ་ནང་གི་ཕྲུ་གུ་གཞོན་སྐྱེས་ཚོས་སྒོར་གཞས་ལམ་ནས་ང་ཚོའི་བོད་མི་རིགས་ཀྱི་སྐད་ཡིག་དོ་སྣང་ཞིག་བསྐྲུན་ཐུབ་པའི་རེ་བ་བཅངས་པ་ཡིན་ཏེ་ དེ་ཙམ་གྱི་འབྲས་བུ་ཐོན་ཐུབ་ཀྱི་མི་འདུག། དམིགས་བསལ་རྒན་པ་ཚོ་ཡིན་ནའང་ བྲོ་འཁྲབ་རྒྱུ་དང་ བརྙན་གྱི་མདུན་ལ་འགྲོ་རྒྱུ་དགའ་ཞེན་ཆེ་བ་ཙམ་ལས་ ཕྲུ་གུ་ཚོ་སྒོར་གཞས་ལམ་ནས་ ངོ་མ་མཚད་ཉིད་ཚང་བའི་བོད་པ་ཞིག་བཟོ་རྒྱུའི་རྒྱབ་སྐྱོར་དང དོ་སྣང་ཡར་རྒྱས་གོང་འཕེལ་དེ་ཙམ་གཏོང་ཐུབ་ཀྱི་མིན་འདུག།
      གཅིག་གཟིགས་དང་སྐད་ཡིག་གི་བརྙན་ལ་བལྟ་མཁན་ག་ཚོད་འདུག་ སྒོར་གཞས་བརྙན་ལ་བལྟ་མཁན་ག་ཚོད་འདུག། དེ་འདྲ་རེད།
      བརྙན་དེ་ཙམ་མེད་པའི་རྒྱུ་མཚན་གཉིས་པ་གལ་ཆེ་བ་ནི་ ཟླ་ཤས་རིང་ ད་ལྟ་ང་རང་ས་གནས་ལ་མེད་ ཡོ་རོབ་ཨི་ཊ་ལི་ལ་ཟབ་སྦྱོང་ཚོགས་འདུ་དང་འབྲེལ་བའི་ལས་ཀ་ཞིག་ལ་སླེབས་བསྡད་ཡོད་པས་ དེར་སྒོར་གཞས་འཁྲབ་མཁན་བོད་པ་ཚང་མིན་འདུག་གོ། ཁྱེད་ཀྱིས་དོ་སྣང་ཡོད་ཙང་ལན་བྲིས་པ་ཡིན། 🙏🙏🙏

    • @tibetanhopeDakgoboy
      @tibetanhopeDakgoboy หลายเดือนก่อน

      @@tibetanvillagecanada4140 འོ་་་ཧ་ཅང་བདེན། ང་ཡང་བསམ་བློར་འདི་ལྟར་ཁུར་མྱོང་། བྱས་ཙམ་ངའི་ངོ་དེབ་སྟེང་དུ་གཟིགས་དྭ། བོད་ནས་བརྙན་མང་པོ་མང་པོ་ལེན་ནས་བཞགས་ཡོད།
      གཙོ་བོ་ཁྱེད་ཀྱིས་གསུང་པ་ལྟར་ཡིན། ད་མི་ཤེས་དུ། ངའི་ངོ་དེབ་ལ་བྲིས་ཡོད། singer Tenzin བྲིས་ཡོད།
      ད་ཐབས་ལམ་གཞན་ཞིག་འཚོལ་དགོས་བ་ཧ་ཅང་གལ་ཆེན། དཔེར་དྲྭ་སྟེང་འདིའི་བརྒྱུད་མཉམ་དུ་སེམས་འགུལ་ཐེབས་བའི་གཏམ་དང་སྒྱུ་རྩལ་གཞན་སྟོན་དགོས་བ་གལ་ཆེན་དུ།
      ལྷག་དཀར་ཉིན་ལ་བོད་སྐད་ལམ་ནས་བཅར་འདྲི་ན་གཞོན་གསུམ་གསུམ་ལ་གོ་སྐབས་སྤྲད་པ་དང་ཡང་ན་སྒོར་བྲོ་གཅིག་བསྡོམ་བཅུག་ནས་དེའི་ནང་གི་ནང་དོན་ལ་ཚིག་དགའ་ཤོས་དེ་དྲི་བ་དང་། དེ་འདྲ་ཐབས་ལམ་མང་པོ་ཡོད་ས་་རེད།

    • @tibetanvillagecanada4140
      @tibetanvillagecanada4140  หลายเดือนก่อน +1

      @@tibetanhopeDakgoboy སྙིང་ཉེ་བའི་བོད་ཀྱི་ལ་རྒྱ་དང་འབྲེལ་བའི་བསམ་ཚུལ་དེ་རིགས་ སེམས་དབུས་ན་བཅང་བར་བྱ། ✊🙏🏼🙏🏼✊