࿐གཟུངས་སྔགས་ཁག་གཅིག་གི་འདོན་ལུང་།།༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག། འོག་ཏུ་གཟིགས།

แชร์
ฝัง
  • เผยแพร่เมื่อ 7 ก.ย. 2024
  • ༄༅།།ཡན་ལག་བདུན་པ།
    ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།།
    རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི།།
    དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།།
    ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ།། ལན་གསུམ།
    ***
    དབུ་མ་རྩ་ཤེས་ལས། མགོན་པོ་ཀླུ་སྒྲུབ་ཀྱིས།
    གང་གིས་རྟེན་ཅིང་འབྲེལ་བར་འབྱུང།། འགག་པ་མེད་པ་སྐྱེ་མེད་པ།
    །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ།
    །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ།
    །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ།།
    ༡༽ཐུབ་པའི་མཚན་སྔགས།
    ༀ་མུ་ནི་མུ་ནི་མཧཱ་མུ་ནི་ཡེ་སྭཱཧཱ།
    ***
    ༢༽རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག ༼སྙིང་རྗེའི་ལྷ།༽
    ཨོཾ་མ་ཎི་པདྨེ་ཧཱུྃ།
    ***
    ༣༽རྒྱལ་ཀུན་མཁྱེན་པའི་རང་གཟུགས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས།༼མཁྱེན་པའི་ལྷ།༽
    ༀ་ཨ་ར་པ་ཙ་ན་དྷི༔
    མི་བརྗེད་པའི་གཟུངས་སྔགས། དྷི༔ དྷི༔ དྷི༔་་་་་་་་་་་་་༡༠༨།།
    ***
    ༤༽རྒྱལ་ཀུན་འཕྲིན་ལས་ཀྱི་རང་གཟུགས་རྗེ་བཙུན་སྒྲོལ་མའི་གཟུངས་སྔགས། ༼ འཕྲིན་ལས་ཀྱི་ལྷ།༽
    ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།།
    ***
    སྐྱབས་འགྲོ་སེམས་བསྐྱེད།༼༢༽
    ༡༽སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །
    བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །
    ༢༽བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །
    འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ལན་གསུམ།།
    ༄༅། །གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

ความคิดเห็น • 4