Ladakhi people are stand with

แชร์
ฝัง
  • เผยแพร่เมื่อ 18 ก.ย. 2024
  • Member Of The Parliament ‪@CARakeshVlogs‬
    • MP Jamyang Tsering Nam...
    • MP Jamyang Tsering Nam...
    དེ་རིང་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱི་གསུང་བཤད།།
    ༄༅།། ༧གོང་ས་མཆོག་ནི་བོད་དང་བོད་མི་རིགས་ཀྱི་མགོན་སྐྱབས་ཡིན་པ་མ་ཟད། འཛམ་གླིང་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་ཀྱང་ཡིན། ༧གོང་ས་མཆོག་ནི་བོད་དང་བོད་རྒྱུད་ནང་བསྟན་གྱི་བླ་ཆེན་གོང་མ་ཙམ་མ་ཟད་དུས་རབས་ཉེར་གཅིག་པ་འདིའི་ནང་ལ་སངས་རྒྱས་གསོན་པོ་ཞིག་ཡིན། ༧གོང་ས་མཆོག་མི་ཙམ་ཞིག་མ་རེད་ལ། ཁོང་ནི་སློབ་གཉེར་ཁང་ཞིག་དང་རིག་གཞུང་ཞིག་ཡིན། ༧གོང་ས་མཆོག་ནི་རྒྱ་གར་རྒྱལ་ཁབ་ཀྱི་སྐྱབས་བཅོལ་བ་ཙམ་ཞིག་མིན། ཁོང་འཛམ་གླིང་ཡོངས་ཀྱི་བརྩེ་བའི་འོད་སྣང། བྱམས་རྩེ་མཚོན་བྱེད་། ཞི་བདེའི་ཕོ་ཉ། སྙིང་རྗེའི་རང་གཟུགས་ཞིག་ཀྱང་ཡིན། ༧གོང་ས་མཆོག་འཛམ་གླིང་འདིའི་ནང་གི་ནང་པ་ཡོངས་ཀྱི་བླ་ཆེན་གོང་མ་ཙམ་མིན་པ། ༧གོང་ས་མཆོག་གནམ་སྔོན་པོ་འདིའི་འོག་ཆོས་ལུགས་ཐམས་ཅད་ཀྱི་གཞི་རྩ། ཡི་ཤུ་ཆེད་དུ་བྱམས་པ་དང་བརྩེ་བའི་དཀོན་མཆོག་གི་ཕོ་ཉ་ཞིག་ཡིན། ཁ་ཆེ་ཆེད་དུ་ཞི་བ་དང་ཆེད་གྲོགས་ཀྱི་(Paigambar) ཡིནགོང་ས་མཆོག། ༧གོང་ས་མཆོག་ཧིན་རྡུ་དང་ནང་པའི་ཆེད་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་རང་གཟུགས་ཤིག་ཀྱང་ཡིན། ང་ཚོས་ཁོང་དཀོན་མཆོག་ཏུ་བརྩི་གི་ཡོད། ང་ཚོས་ཁོང་ཡིད་དམ་གྱི་ལྷར་བརྩི་གི་ཡོད། ང་ཚོས་ཁོང་སངས་རྒྱས་གསོན་པོ་ལ་ངོས་འཛིན་བྱེད་ཀྱི་ཡོད། འཛམ་གླིང་ཡོངས་སུ་ཁོང་ལ་གཞི་མེད་ཀྱི་སྨྱོན་འཛུགས་བྱེད་པ་དང་ གཞི་མེད་ཀྱི་བསྐུར་བ་འདེབས་པ། འོས་འཚམ་མིན་པའི་ཚིག་བཀོལ་སྤྱོད་བྱས་པ། ༧གོང་ས་མཆོག་གི་མཚན་བྱིན་རླབས་ཅན་ཁྱེར་ནས་ཁོང་ལ་སྐྱོན་འཛུགས་བྱེད་མཁན་ཚོ་ལ་སྐྱོན་བརྗོད་དྲག་པོ་དང་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད།། ང་ཚོས་རེ་སྐུལ་བྱེད་རྒྱུ་ལ། ཉི་མ་འདིའི་འོག་ཏུ་རྒྱ་གར་གྱི་སྲིད་གཞུང་ཙམ་དུ་མ་ཟད། འཛམ་གླིང་ཐོག་སྲིད་གཞུང་ག་ཚོད་ཡོད་ནའང་རྒྱ་གར་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ་འདི་སྟེང་ལ་ཤེས་རྟོགས་བྱེད་རྒྱུ་དང་། ང་ཚོས་འདི་ལྟ་བུ་ལ་བཟོད་སྒོམ་རྩ་བ་ཉིད་ནས་བྱེད་ཀྱི་མེད། ༧གོང་ས་མཆོག་གི་བྱམས་བརྩེ་། འདི་ལྟ་བུའི་སྙིང་རྗེ་། འདི་ལྟ་བུའི་ཆེད་གྲོགས། ད་ལྟབུའི་གཞན་ཕན་བསམ་པ་དམིགས་གསལ་འཛམ་གླིང་ཡོངས་དང་དེའི་ནང་ནས་དུས་རྙིང་མ་འདིར་། འཛམ་གླིང་དམག་ཁྲུག་ནང་ལ་བྲེལ་ཚུབ་བྱེད། འཛམ་གླིང་ཚོང་ལ་ཚང་ཁ་རྒྱག་། འཛམ་གླིང་གཅིག་གིས་གཅིག་གསོད་རེས་བཏང་། འདི་ཡི་སྐབས་སུ་༧གོང་ས་མཆོག་འཛམ་གླིང་ཡོངས་ལ་ཞི་བདེ་ཡི་ལམ་སྟོན། ནང་པ་ཙམ་མ་ཚད། ཎལྣེཌའི་རིག་གཞུང་དང་། འགྲོ་བ་མི་རིགས་ཀྱི་རང་གཤིས་། ཞི་བདེ་། བྱམས་པ། བརྩེ་བ། ལམ་སྟོན་སྟོན་ནང་གི་ཡོད་། འདི་མ་ཉམས་རྒྱུན་སྐྱོང་བྱེད་དགོས་པ་ནང་ཆོས་ལ་བསྟེན་མཁན་གཅིག་པུ་མིན་པར་འཛམ་གླིང་འདིའི་ནང་ཆོས་ཁས་ལེན་བྱེད་མཁན་དང་མི་བྱེད་མཁན་ཚང་མས་འགན་འཁྲི་ཞིག་རེད་། མཐའ་དོན་ངས་གཞུང་ལ་རེ་བ་བཅོལ་རྒྱུ་། ལ་དྭགས་ལ་དོ་སྣང་དང་མཉམ་དུ་ལ་དྭགས་མི་གྲངས་འབུམ་གསུམ་ཡས་མས་ཀྱི་སེམས་ཚོར་ལ་བརྩི་བཀུར་ངང་དབུས་གཞུང་འདིའི་ནང་དུ་ཞི་འཇུག་ཤུགས་དྲག་མཐིལ་ཕྱིན་པ་བྱེད་མགོ་རྩོམ་རོགས།
    ཆོས་སྐུལ་ཚོགས་པའི་རེ་བ་བཞིན་གུས་ཟངས་དཀར་དགེ་བཤེས་མིང་པའི་གང་ལྕོགས་ཀྱིས་ཧིན་སྐད་ནས་བསྒྱུར་ཁུལ་བྱས།
    Background་song་link་👇👇
    / wkmc8iach
    Video editing ‪@tseley_official‬
    #indiastandwithdalailama #istandwithdalailama #longliveladakh#LongLiveDalaiLama #hisholiness#dalailama #ladakh #ladakh2023
    #standwithdalailama #IStandWithDalaiLama
    .
    .
    .
    .
    .
    .
    .
    .
    .
    .
    .
    .

ความคิดเห็น • 1

  • @kdorjtse3845
    @kdorjtse3845 ปีที่แล้ว

    🙏🏻🙏🏻🙏🏻🌹👍