དགེ་ཚུལ་བསྟན་འཛིན་ལྷག་པ་འབྲས་སྤུངས་ཚོགས་ཆེན་དུ་ཚོགས་ལང་བཞེངས་པའི་བརྙན་ཐུང་། || Drepung Monastery 🙏🙏

แชร์
ฝัง
  • เผยแพร่เมื่อ 18 ก.ย. 2024
  • 🍁༈ ལེགས་གསོལ་འཚམས་འདྲི། 🌾🌾🌾
    འབྲས་བློ་གླིང་གྲྭ་ཚང་གི་དྲང་ངེས་འཛིན་གྲྭའི་སྐྱོར་དཔོན་དགེ་ཚུལ་བསྟན་འཛིན་ལྷག་པ་ལགས་ནས། དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ཁང་ཚན་ཁག་ཏུ་གྲྭ་སྐོར་དམ་བཅར་བསྐྱོད་དེ་མཐར་གྲྭ་ཚང་དུ་ཚོགས་ལང་དམ་བཅའ་ཟིན་ནས། དེ་རིང་གཟའ་སྐར་དགེ་བའི་ཉིན་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་དབྱར་གནས་ཀྱི་རིགས་གྲྭ་ཆེན་མོའི་སྐབས། ཚོགས་ལང་བཞེངས་པར་ཁང་ཚན་འདི་ཉིད་ཀྱི་དགེ་འདུན་འདུས་མང་ཡོང་ནས་འཚམས་འདྲི་ཞུས་པ་དང་འབྲེལ། སླད་ཕྱིན་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཐར་ཕྱིན་ཡོང་བའི་སྨོན་འདུན་ཤུགས་དྲག་དང་བཅས།
    #drepungmonastry #monastery #buddhist #buddhism #newvideo #2024 #ladakh2024 #ladakh

ความคิดเห็น • 20