སྙན་ངག་གྱེར་འདོན། བརྩེ་དུངས་ཀྱི་སླད་དུ། གྱེར་འདོན་པ། གཡག་ཚེ་རིང་། ༢༠༢༢

แชร์
ฝัง
  • เผยแพร่เมื่อ 8 ม.ค. 2022
  • སྙན་ངག་པ གཅན་མེ་སྟག་གིས་བརྩམས་གནང་བའི་སྙན་ངག། བརྩེ་དུངས་ཀྱི་སླད་དུ།
    བརྩེ་དུངས་ཀྱི་སླད་དུ།
    གཅན་མེ་སྟག། །
    གྱེར་འདོན་པ། གཡག ཚེ་རིང་།
    བདེན་དེ། བརྩེ་དུངས་ཀྱི་སླད་དུ།
    ངས་ཁྱེད་ཀྱི་མདུན་དུ་པུས་མོ་ས་ལ་བཙུགས། བླ་མེད་ཀྱི་དངོས་གྲུབ་རེ་བའི་དད་ལྡན་པ་བཞིན། ཐལ་མོ་སྙིང་གར་སྦྱོར་བའི་ཉམ་ཆུང་གི་ཞུ་བ་དངོས་སུ་ཕུལ་མྱོང་།
    བདེན་ཏེ། ཁྱེད་ལའང་སེམས་སྨྲེང་བའི་འདས་དོན་ཡོད་ཅིང་།
    བརྩེ་དུངས་ཀྱི་སླད་དུ།
    མི་ལོ་ཉི་ཤུའི་ལང་ཚོ་དང་ཡིད་སེམས་ཡོད་ཚད་བློས་བཏང་བའི་མཛད་རྗེས་ཡོད་མྱོང་།
    ད་ལྟ་ལེ་བར་སྟོང་ཕྲག་གི་བར་ཐག་གོམ་པས་བསུབས་ནས་འོངས་དུས།
    སྐབས་འདིའི་འདུ་འཛོམས་ལ་ཤུགས་རིང་གི་ཡུས་འཇོག་དོན་མེད།
    གོ་སྐབས་འདི་གཅེས་པར་འཛིན་རོགས།
    རླུང་ཆར་གྱིས་གཤོས་པའི་སེམས་ཁོང་གི་གྲོག་རོང་སྙོམ་དཀའ་བས།
    ནུས་མེད་ཀྱི་ལག་པ་འདིར་བརྩེ་བྱམས་ཀྱི་དྲོད་འཇམ་ཇི་འདྲའི་མཁོ་ཨང་།
    ངས་རེ་སྒུག་གི་མེ་ཏོག་མཐོ་རུ་བཏེགས་ཏེ་བརྩེ་དུངས་ཀྱི་འོད་སྣང་རེ་སྐབས།
    ཁྱོད་ནི་གློག་ཤུགས་ཐེབས་པ་བཞིན་མྱུར་མྱུར་དུ་གྱེས་དོན་ཅི།
    ཁྱེད་ཀྱིས་བརྩེ་དུངས་ཀྱི་འཚོ་དབུགས་མི་སྦྱིན་རུང་།
    འཕྱ་ཁྲེལ་མཛུམ་མོས་མི་སྡིགས་རོགས།
    ཀུན་གྱིས་འདོར་བའི་མེ་ཏོག་ལའང་བླ་མེད་ཀྱི་རང་གཤིས་ཡོད་ཕྱིར།
    བརྙས་སྨོད་ཀྱི་སེར་ཞགས་ལ་སྐྱབས་ཞུ་བའི་བསྔགས་བརྗོད་འཐོབ་མི་སྲིད།
    ཨ་
    ཡང་ན་དཔྱིད་ཀ་འདི་འོངས་པ་ཧ་ཅང་འཕྱིས་པའི་དབང་གིས།
    ཟླ་དྲུག་པའི་ཁ་བས་སྤང་ཐང་ལ་ལྷན་པ་ཡང་བསྐྱར་བརྒྱབ།
    ཆར་ཟིམ་ཟིམ་ཞིག་ཉི་མའི་ཀློང་ནས་འབབ་དུས།
    ངས་ད་གཟོད་མདང་དགོང་གི་རྨི་ལམ་དེ།
    མེ་ཏོག་གི་འདབ་མས་ཁེངས་བའི་དཔྱིད་དུས་ཀྱི་རེ་སྨོན་ཞིག་ཡིན་པ་ཚོར།
    སྐབས་འདིར་པུས་མོ་ལ་ན་ཟུག་ཅུང་ཙམ་བྱུང་སྟེ།
    དྲན་པར་རུའང་།
    ཡིན་ན་ཡང་། བརྩེ་དུངས་ཀྱི་སླད་དུ།
    ངས་ངོ་མ་ལང་ཚོ་དང་ཡིད་སེམས་ཡོད་ཚད་གཏོང་དགོས། །
    ་་་་་གཏོང་དགོས། ་་་་་་་གཏོང་དགོས།

ความคิดเห็น •