An Unsurpassable Being - 12 Deeds of Buddha - Avikrita Vajra Rinpoche (Tibetan and Chinese only)

แชร์
ฝัง
  • เผยแพร่เมื่อ 21 ก.ย. 2020
  • མི་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་དུ། འདོད་ཡོན་གང་འདོད་ཅི་ཡོད་ཀྱི་འཚོ་བ་ཞིག་རོལ་བའི་རྒྱལ་སྲས་ཤིག་ཡོད་པ་སྟེ། མཚན་ལ་གཞོན་ནུ་དོན་གྲུབ་ཞེས་སུ་གྲགས། སྤྱིར་ང་ཚོ་ལ་མཚོན་ན་རྒྱལ་སྲས་ཁོང་གི་འཚོ་བ་ལྟ་བུ་ཞིག་རོལ་སྐལ་ཡོད་ན། བླ་ན་མེད་པའི་བདེ་སྐྱིད་ཅིག་ཏུ་འདོད་པ་སྨོས་མེད་རེད། ཡིན་ནའང་ཁོང་གི་དེ་ལྟ་བུའི་འཚོ་བ་ཞིག་ལ་གཟིགས་ཚུལ་ཅི་འདྲ་ཡིན་པ་དང་། གཟིགས་ཚུལ་དེས་གང་གི་མི་ཚེ་ལ་འགྱུར་བ་ཅི་ལྟར་ཐེབས་ཡོད་མིན་སྐོར། ད་ལན་དུས་བཟང་ཁྱད་པར་ཅན་ས་ག་ཟླ་བར་༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་བརྙན་ཐུང་འདི་བརྒྱུད་ནས་ལྷན་རྒྱས་ལ་སྟོན་པ་ཁོང་ཡང་སྙིང་གང་འདྲ་ཞིག་ཡིན་མིན་མཁྱེན་རྟོགས་དང་། གསན་གཟིགས་གནང་མཁན་སོ་སོའི་རྒྱུད་ལ་ཡང་དགེ་བའི་བག་ཆགས་ངེས་ཅན་རེ་འཇོག་ཐུབ་པའི་སྨོན་འདུན་བཅས།

ความคิดเห็น •