Bodongpa traditions dancers བོ་དོང་ཆོས་སྲུང་བཀྲ་ཤིས་འོད་འབར་ཀུན་འཁོར་གྱི་གར་འཆམ།

แชร์
ฝัง
  • เผยแพร่เมื่อ 20 ส.ค. 2024
  • དཔང་ལོ་ཙཱ་པ་བློ་གྲོས་བརྟན་པས་རྒྱ་གར་རྡོ་རྗེ་གདན་ནས་གདན་དྲངས་བསྙེན་གཏད་དཔལ་ཨེ་ཡིས་བསྟན་སྲུང་དུ་མངའ་གསོལ་ལོ་ཆེན་ཁུ་དབོན་རྣམས་ཀྱི་རྗེས་སུ་འབྲང་གཙང་ཕྱོགས་ཀྱི་དགོན་གྲོང་ཕལ་མོ་ཆེར་ཆོས་བདག་དུ་བཀའ་སྐུལ་ཞལ་གྱི་བཞེས། དེའང་དཔང་ལོ་ཙཱ་བས། ཡུལ་གཅིག་གཙང་གི་གཙང་སྟོད་ན། གཙང་ཁ་ལྷོ་རྒྱུད་སྐྱིད་ཀྱི་ཡུལ། བཞུགས་པའི་གནས་དང་ཡུལ་མཚར་བ། བཞུགས་པའི་ཡུལ་དེ་འོད་ཀྱི་མཚར། ཞེས་གསུངས་པ་ལྟར་འདིར་ལ་སྟོད་དིང་རི་ཆུ་ལྷོ་དགོན་ཕུག་དཔལ་ལྡན་རྒྱུད་པ་གྲྭ་ཚང་དུའང་༸ པཎ་ཆེན་འཇིགས་བྲལ་གྱི་མཐུ་སྲས་བཤེས་གཉེན་བློ་རྒྱན་དང་འཇམ་དབྱང་དོན་ཡོད་རྣམ་རྒྱལ་ནས་བཟུང་དུས་ད་ལྟ་བར་མ་ཉམས་རྒྱུད་འཛིན་ཐུབ་པ་བྱུང་ཡོོད་པ།

ความคิดเห็น •