རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་དང་པོ། ལྟག་གཉའ་ལུང་བསྟན་ཕུག།

แชร์
ฝัง
  • เผยแพร่เมื่อ 3 ต.ค. 2024
  • གྲོ་བོ་ལུང་དང་ཅུང་ཉེ་བའི་སར་བུ་ཆེན་བཞིའི་སྒྲུབ་གནས་ཟངས་སྦུག་ཅེས་པ་དང༌། དེ་ནས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་སོང་ན་མི་ལའི་སྒྲུབ་ཕུག་ལྟག་གཉའ་ལུང་བསྟན་ཕུག་ཅེས་པ་དེ་མཇལ་རྒྱུ་ཡོད། མར་པས་མི་ལར་ནཱ་རོ་ཆོས་དྲུག་དང་བཀའ་ཕྱག་རྒྱ་ཆེན་པོ་སོགས་དཔལ་ནཱ་རོ་པའི་ཆོས་ཡོངས་རྫོགས་གཏད་གནང་ཡང་འཕོ་བ་གྲོང་འཇུག་གི་གདམས་ངག་གནང་མེད་པ་མཁའ་འགྲོས་ལུང་བསྟན་པས་“ལུང་བསྟན་ཕུག་”ཅེས་པ་དེ་ལྟར་བྱུང་ཞེས་སོ། །

ความคิดเห็น • 6

  • @tashisgyal8789
    @tashisgyal8789 3 หลายเดือนก่อน +2

    མྱ་ངན་མེད་ཀྱིས་སྟོན་པའི་ཞབས་རྗེས་འཙལ། ར་སེ་བ་ཡིས་མི་ལའི་ཞབས་རྗེས་བཙལ། ངོ་མཚར་ཚེ། ༧ར་སེ་བ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་འགྱུར་ཅིག།

  • @shaduklama1431
    @shaduklama1431 3 หลายเดือนก่อน

    🎉🎉🎉

  • @KonchokLhamo-o3b
    @KonchokLhamo-o3b 3 หลายเดือนก่อน

    🙏🙏🙏

  • @Ngawanglhamo-h3p
    @Ngawanglhamo-h3p 3 หลายเดือนก่อน

    🙏🙏🙏🙏🙏

  • @tashisgyal8789
    @tashisgyal8789 3 หลายเดือนก่อน

    མི་ལའི་མགུར་འབུམ་ནང་མང་ཡུལ་གྱི་རི་བོ་དཔལ་འབར་ཞེས་པ་དེ་ད་ལྟ་གང་ན་ཡོད་རེད་ལགས།

  • @KonchokSomo
    @KonchokSomo 3 หลายเดือนก่อน

    🙏🙏🙏🌈🌈🌈🎉🎉🎉🥰