ཕོ་བའི་ནད་ལ་ཕན་པའི་མན་ངག་དང་བཅོས་ཐབས། (Part 1) A cure for digestion and stomach problem.

แชร์
ฝัง
  • เผยแพร่เมื่อ 15 ม.ค. 2025

ความคิดเห็น • 86

  • @WANGLHA6872
    @WANGLHA6872 11 หลายเดือนก่อน

    Thank you Geshe la. 🙏🙏🙏

  • @gyalsey3930
    @gyalsey3930 ปีที่แล้ว

    དགེ་བཤེས་ལགས་ངོ་དེབ་ཁ་བྱང་གནང་དང་བཀའ་འདྲི་ཞུ་རྒྱུ་གཅིག་ཡོད། ངའི་ངོ་དེབ་མིང་ལ་Tenzin Norbu Gyalsey ཟེར་གྱི་ཡོད་དེའི་ཐོག་ལ་འབྲེལ་གནང་སྐྱོང་ཡོང་བ་ཞུ།

  • @TenzinKelsan
    @TenzinKelsan ปีที่แล้ว +4

    དགེ་བཤེས་ལགས་ནས་ལྷག་བསམ་རྣམ་དག་གིས་བཀའ་སློབ་ལམ་སྟོན་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ལགས།

  • @thuptenkhutsun768
    @thuptenkhutsun768 ปีที่แล้ว +1

    རྒན་ལགས་བཀྲིས་བདེ་ལེགས་ བཀའ་དྲི་ཞུ་རྒྱུ་གྲོད་པ་ཐོག་སྣུམ་བྱུག་དུས་སྣུམ་ཚ་པོ་བཟོ་དགོས་སམ་ ལག་པ་བྱུག་དགོས་སམ་ཡང་ན་རྡོ་འདྲ་དགོས་སམ།

  • @Nubma
    @Nubma ปีที่แล้ว

    དགེ་བཤེས་ལགས་སྐུ་ཁམས་བཟང་། གུས་པས་སྐྱབས་འཇུག་ཞུ་རྒྱུ་ལ་གྲུབ་མཐའ་མཛོད། རྟོག་གེ་འབར་བ་ལ་སོགས་པསི་གཞུང་ཆེན་འཆད་ཁྲིད་དེ་རྣམས་གང་ནས་རག་གི་ཡོད་ན་ལགས།

  • @thinleymachu9558
    @thinleymachu9558 ปีที่แล้ว +8

    དགེ་བཤེས་ལགས། ཁམས་བཟང་། བྱུག་པ་བྱེད་དུས་ལྟོ་བ་སྟོང་པ་ཡིན་དགོས་སམ། བྱུག་པ་བྱེད་དུས་གན་ཀྱལ་དུ་ཉལ་དགོས་སམ། ཙོག་ཙོག་སྡད་ནས་གཡས་བྱུག་བྱེད་དགོས་སམ་ལགས། བཀའ་དྲིན་ཆེ།

    • @gomdelharampa
      @gomdelharampa  ปีที่แล้ว +11

      རེད་རེད། ལྟོ་བ་སྟོང་པ་ཡིན་དགོས་རེད། ཙོག་ཙོག་པུར་བསྡད་ནས་བྱེད་ན་ཡག་ཤོས་རེད། དེ་ལྟར་མ་བྱུང་ཚེ་ཉལ་ནས་བྱེད་ཀྱང་འགྲིག

    • @urgentsering1418
      @urgentsering1418 ปีที่แล้ว +1

      @@gomdelharampaརྒན་ལགས་བཀའ་དྲིན་ཆེ།

  • @lobsangtenzin6837
    @lobsangtenzin6837 10 หลายเดือนก่อน

    དགེ་བཤེས་ལགས་བཞུགས་ཡོད་ན་ ང་ལན་གཅིག་གནང་རོགས་ན་ རྒྱུ་མཚན་གང་ཡིན་ཟེར་ན་ངས་དགེ
    བཤེས་ལགས་ཀྱི་གསུངས་པ་ལྟར་བྱེད་ཡིན་དེ་རླུང་ཁམས་ལ་གནོད་པ་འདྲ་།

    • @gomdelharampa
      @gomdelharampa  10 หลายเดือนก่อน

      སྤྱིར་བཏང་ནི་བྱུག་པའི་རིགས་རྣམས་safeགནོད་པ་མེད་པ་ཞིག་ཡིན་པ་མ་ཟད་ལུས་ཁམས་ལ་ཧ་ཅང་ཕན་ཐོགས་ཆེ་བ་ཞིག་ཡིན་པ་ནི་མྱོང་གྲུབ་རེད། འོན་ཀྱང་གལ་ཏེ་རྒན་ལགས་ན་གནོད་ན་མཚམས་འཇོག་གནང་ན་ཡག་ཤོས་རེད། གནོད་དགོས་པའི་རྒྱུ་མཚན་ནི་གང་ཡིན་ནི་བཤད་ཐུབ་མ་སོང་། ཡང་དུས་ཚོད་རིང་དྲགས་པ་དང་། ཤུགས་ཆེ་དྲགས་པ་དེ་འདྲས་བྱས་པའང་ཡིན་སྲིད།

    • @lobsangtenzin6837
      @lobsangtenzin6837 10 หลายเดือนก่อน

      @@gomdelharampa ལགསོ རྒན་ལགས་ ངས་བྱུག་ཐེང་གཅིག་ལ་ལྔ་རྒྱ་ལྷག་ཡང་ན་དྲུག་རྒྱ་དེ་འདྲ་བྱུག་གི་ཡོད་ ཡིན་ནས་ཡང་ཉིན་གཅིག་ལ་ཐེང་མ་གཏོགས་བྱུག་མེད་། ང་ལ་ཕོ་བ་ཡག་པོ་ཡོད་མ་རེད་ མ་ཟད་གྲང་བ་ཡང་ཡོད་། རྒན་ལགས་གང་བྱེད་ན་ཡག་ཡིན་ནམ་

    • @gomdelharampa
      @gomdelharampa  10 หลายเดือนก่อน

      ངའི་བསམ་པར་རྒན་ལགས་ནས། བྱུག་པོ་བྱེད་དུས་བྲེལ་བ་གནང་གི་མེད་དམ་སྙམ་གྱི་འདུག བྲེལ་བ་བྱེད་རྒྱུ་ཡོད་མ་རེད། ལྷོད་ལྷོད་བྱས་ནས་ག་ལེར་ག་ལེར་བྱེད་དགོས་རེད། དེ་ནས་རླུང་འཕར་གྱི་མ་རེད། གལ་ཏེ་རླུང་ཁམས་ལ་གནོད་ན། ཐོག་མར་ཉུང་ཙམ་བྱས། དེ་ནས་རིམ་གྱིས་མང་དུ་བཏང་ན་ཡག་པོ་ཡོད་རེད། དེ་ནས་ཞོགས་པ་ཆུ་ཁོལ་དཀར་ཡོལ་འགའ་ཤས་བཏུང་ཐུབ་ན་ཕོ་བ་ལ་ཕན་པོ་ཡོད་རེད།

    • @lobsangtenzin6837
      @lobsangtenzin6837 10 หลายเดือนก่อน

      @@gomdelharampa ལགསོ

  • @Khandotehor169
    @Khandotehor169 ปีที่แล้ว

    Thank you so much Geshe la🙏🏼🙏🏼🙏🏼💐💐💐🌺🌺🌺

  • @gurugyal2063
    @gurugyal2063 ปีที่แล้ว +1

    དགེ་བཤེས་ལགས་་་དུས་རྒྱུན་རྒན་གྱི་གསུང་ལ་ཉན་གྱིན་ཡོད་ལགས་་ཧ་ཅང་ཕན་པོ་འདུག བཀའ་དྲིན་ཆེ

  • @TseringKyizom-o6r
    @TseringKyizom-o6r ปีที่แล้ว

    ❤❤❤, thukji che, Katrin Che, for so good & so helpful advices. Wonderful video 🙏🙏🙏❤️👍👍👍🌺🌺🌺🌼🌼🌼🌸🌸🌸🌹🌷

  • @76akama
    @76akama ปีที่แล้ว +1

    དགེ་བཤེས་ལགས་། ཐུགས་རྗེས་གཟིགས་ཁྱེད་རང་གི་ངོ་དེབ་ཁ་བྱང་ཞིག་གནང་རོགས་གནང་། ཁྱེད་ལ་སྐྱབས་ཞིག་ཞུ་ཡག་ཡོད་་་སྐུ་ཉིད་ནས་ཁ་བྱང་ཞིག་གནད་རོགས་། བཀའ་དྲིན་ཆེ་།

  • @dawatsering6907
    @dawatsering6907 ปีที่แล้ว

    🙏🏼🙏🏼🙏🏼🌼🌼🌼🙏🏼🙏🏼🙏🏼

  • @chodonbhutia9186
    @chodonbhutia9186 ปีที่แล้ว

    Geshila kaatrihn cheynaang thank u. 🙏🙏🙏 Kutseyring.

  • @thuptentenzin7850
    @thuptentenzin7850 10 หลายเดือนก่อน

    Bad ending! 😂😂🙏🙏🙏

  • @furrysfriend5150
    @furrysfriend5150 ปีที่แล้ว

    Ohhh Rinpoche la. It is so nice to see you . I watch your videos on 21 Tara and Jangcho monlam. So great thank you😊

  • @tseringpematseringpema9640
    @tseringpematseringpema9640 ปีที่แล้ว +1

    Thank you very much for yours kind and precious advice for us

  • @dhondupdorjee1139
    @dhondupdorjee1139 ปีที่แล้ว +2

    དགེ་ཤེས་ལགསལམ་སྟོན་་བཀའ་སློབ་གནང་བ་བཀྲིན་ཆེ་

  • @khadotibet2977
    @khadotibet2977 ปีที่แล้ว +1

    དགེ་བཤེས་ལགས་ཀྱིས་བརྩམས་གནང་བའི་དཔེ་དེབ་སྒྲོལ་མའི་འགྲེལ་བ་གང་ནས་ཉོ་ཐུབ།

    • @khadotibet2977
      @khadotibet2977 ปีที่แล้ว

      དེ་བཞིན་སྒོམ་སྡེ་ཚིག་མཛོད་ཆེན་མོ། སྐོམ་པ་ཆུ་འདོོད་ལྟར་ཤིན་ཏུ་ནས་མཇལ་འདོད།

    • @gomdelharampa
      @gomdelharampa  ปีที่แล้ว +1

      སྒོམ་སྡེ་ཚིག་མཛོད་ཆེན་མོ་སེར་བྱེས་རིག་མཛོད་ཆེན་མོ་ནས་ཕབ་ལེན་ཞུ་ཆོག གླེགས་བམ་བཞི་ཡོད་རེད། སྒྲོལ་མའི་འགྲེལ་པ་དཔར་སྐྲུན་མ་ཟིན་བར་གནས་སྐབས་རིང་འབུལ་གྱི་མེད།
      www.serajeyrigzodchenmo.org/books-pdf-epub-total/rig-ney?start=12

  • @jigmeygyatso9008
    @jigmeygyatso9008 ปีที่แล้ว

    ཧ་ཧ་ཧ་་་་དགེ་བཤེས་ལགས་ཀྱིས་མི་ཚེ་ལ་དཔེ་ཡག་པོ་བཞག་སོང་། Bad ending

  • @tenzinpema7940
    @tenzinpema7940 ปีที่แล้ว

    🙏🏻🙏🏻🙏🏻👍🏻👍🏻👍🏻👏🏻👏🏻👏🏻🌺🌺🌺

  • @tenzindhadon5433
    @tenzindhadon5433 ปีที่แล้ว

    Thank you so much 🙏🏻🙏🏻🙏🏻

  • @tenzinurgyen9898
    @tenzinurgyen9898 ปีที่แล้ว +1

    དགེ་བཤེས་ལགས་ཐུགས་རྗེས་ཆེ། བཀའ་དྲིན་ཆེ།

  • @Tibetanralo
    @Tibetanralo ปีที่แล้ว

    དགེ་བཤེས་ལགས། བཀའ་དྲིན་ཆེ།

  • @lowtse8460
    @lowtse8460 ปีที่แล้ว

    🙏🙏🙏💐

  • @janchubsbhakdo1062
    @janchubsbhakdo1062 ปีที่แล้ว +1

    སྒོམ སྡེ དགེ་བཤེས་ལྷ་རམ་ལགས་ བཀྲིན་བླ་མེད་དུ་ཆེ་
    ཡུན་རིང་མཇལ་མ་སོང་ ད་རེ་འགེར་གྱི་སྙན་འཕྲིན་གསར་དུ་ ཕྱེ་བ་དགའ་པོ་ཞེ་དྲག་བྱུང་་
    ང་འདྲ་བོ་ལ་རིན་མེད་པའི་ཐོག་ཁེ་ཕན་དཔག་དུ་མེད་པ་བྱུང་
    སྐུ་ཉིད་སྐ་ཚེ་བརྟེ་
    བོད་ལུགས་སྨན་པས་

  • @Yangzom-y1u
    @Yangzom-y1u ปีที่แล้ว

    Wow god gifted talent......thank you so much.....very helpful

  • @loten5737
    @loten5737 ปีที่แล้ว

    རྒན་ལག་བཀྲ་ཤིས་བདེ་ལེགས།

  • @SernamGyeringgen
    @SernamGyeringgen ปีที่แล้ว

    Merci 🎉

  • @fromindia123
    @fromindia123 ปีที่แล้ว +1

    དཔེ་མི་སྲིད་གསུང་འདུག🙏🙏🙏

  • @sonamsichoe5662
    @sonamsichoe5662 ปีที่แล้ว

    ཐུགས་རྗེ་ཆེ་གནང་།

  • @TsewangDolkar-t1w
    @TsewangDolkar-t1w ปีที่แล้ว

    མན་བསྔགས་གསུངས་གནང་བ་དེ་བཞིན་འཇལ་མ་བྱུང། བསྐྱར་དུ་གསུངས་གནང་ཡོང་བ་སྐྱབས་འཇུག་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

  • @kunzang7998
    @kunzang7998 ปีที่แล้ว +1

    ང་ཡང་ཕོ་བའི་ནད་པ་ཡིན་ལག་ལེན་བྱེད་ཀྱི་ཡིན་ཐུགས་རྗེ་ཆེ་ཞུ།

  • @pemalhadon374
    @pemalhadon374 ปีที่แล้ว

    🙏🙏🙏🙏👍👍👍👍

  • @nimatashi5247
    @nimatashi5247 ปีที่แล้ว

    🎉🎉🎉🎉🎉

  • @nam-sel4149
    @nam-sel4149 ปีที่แล้ว +1

    བཀའ་དྲིན་ཤིན་དུ་ཆེ།
    ཧ་ཅང་ཕན་ཐོགས་ཆེ་བའི་བརྙན་ཐུང།
    ང་ལ་ཡང་ཕོ་བའི་ནད་ཡོད།🙏🙏🙏🙏

  • @Ngawanglhamo-h3p
    @Ngawanglhamo-h3p ปีที่แล้ว

    🙏🙏🙏🙏🙏

  • @Dolala.
    @Dolala. ปีที่แล้ว

    Thank you so much for sharing your experience and knowledge on the topic. I have watched your video and even shared it with my parents. But I need some clarification on the process. Is it better to do in the morning or before going to bed? Where is the exact point that should be massaged?

  • @Lhadonchichak
    @Lhadonchichak ปีที่แล้ว

    💐💐💐🙏🏼🙏🏼🙏🏼

  • @བློབཟངདབྱིགགཉེན

    བཀའ་དྲིན་ཆེ་

  • @thogyalhyolmo4734
    @thogyalhyolmo4734 ปีที่แล้ว

    འཚམས་འདྲི་ཞུ་དགེ་བཤེས་ལགས། སྣུམ་གྱི་མིང་གང་ཞུས་པ་ཡིན་ན་གསལ་པོ་གོ་ཚུད་མ་སོང་ལགས།

    • @Jigmenam
      @Jigmenam ปีที่แล้ว

      མར་ཡང་མིན་ན་coconut སྣུམ།

  • @dhondupgyatso7603
    @dhondupgyatso7603 ปีที่แล้ว

    🙏🏻❤️❤️👍

  • @Yangzom-y1u
    @Yangzom-y1u ปีที่แล้ว

    ❤❤❤❤❤❤❤❤❤

  • @AmaSamdol
    @AmaSamdol ปีที่แล้ว

    བཀའ་དྲིན་ཆེ། ཕོར་བ་ནང་གི་དོ་འདི་ག་རེ་ཡིན་ནམ་ཧ་གོས་མ་སོང་། དོ་འདི་ག་རི་གནང་ཡག་རེ།

    • @Jigmenam
      @Jigmenam ปีที่แล้ว +1

      གྲངས་ཀ་རྒྱབ་ཡས་ཡིན་གསུངས་སོང་ང།

  • @tenzinkunsang2667
    @tenzinkunsang2667 ปีที่แล้ว

    Geshe la where are you from?

  • @migmarmonk2964
    @migmarmonk2964 ปีที่แล้ว

    🌱🌿👍🌱✌️🌱

  • @namgyalnamgyal7898
    @namgyalnamgyal7898 ปีที่แล้ว

    དགེ་བཤེས་ལགས་ཁྱེད་ཀྱི་ཕན་སེམས་ཀྱིས་ཕོ་བའི་བྱུག་པ་དེའི་སྐོར་མན་ངག་གནང་བ་དེ་ཡི་བྱུག་པའི་སྣུམ་དེ་ག་འདྲ་ཡོད་ན་བཟང་ངམ་ཧ་ཡག་པོ་གོ་མ་བྱུང་བས་སྣུམ་ག་རེ་བྱུག་ན་ཡག་གམ་

    • @gomdelharampa
      @gomdelharampa  ปีที่แล้ว

      coconut oil ཡག་པོ་ཡོད་རེད། མར་དང་སྣུམ་གཞན་དག་ག་རེ་བྱུག་ནའང་འགྲིག

    • @lobsangPhuntsok-pc9vw
      @lobsangPhuntsok-pc9vw 29 วันที่ผ่านมา

      རྡོ་བ་ཆུང་ཆུང་ཞིག་བེད་སྤྱོད་བཏང་ནས་བྱུག་དགོས་རེད་དམ། རྒན་ལགས།@@gomdelharampa

  • @TashiPasang-lj2qt
    @TashiPasang-lj2qt ปีที่แล้ว +2

    ལྡུག་ལྔ་དཀོར་དུ་ཚིགས་ཁ་ཤས་སུང་རོགས་བྱེད་

  • @tenzingchodup7269
    @tenzingchodup7269 ปีที่แล้ว

    དཔྱད་ཟེར་ན་བཤག་བཅོས་འགྲོ་བ་སྔ་དྲགས་སོང་། དཔྱད་ལ་འཇམ་དཔྱད། རྩུབ་དཔྱད། དྲག་དཔྱད་བཅས་གསུམ་ཡོད། ཐོག་མར་འཇམ་དཔྱད་ལ་དུགས་ལུམས་བྱུག་པ། རྩུབ་དཔྱད་ལ་གཏར་བསྲེགས་ཐུར་མ། དྲག་དཔྱད་ལ་གཞི་ནས་བཤག་བཅོས་སླེབ་པ་ཡིན།

    • @gomdelharampa
      @gomdelharampa  ปีที่แล้ว +4

      ཁྱེད་ཀྱིས་གསུངས་པ་དེ་ག་རེད། འོན་ཀྱང་མི་དམངས་ལ་གོ་བདེ་པོ་ཞིག་མ་བཤད་པར་ཞིབ་ཚགས་ཧ་ཅང་ཆེས་ན་མགོ་རྨོངས་འགྲོ་གི་རེད། སྤྱིར་བཏང་དེའི་སྐོར་ངོས་ནས་སྔོན་མ་ནས་ཅུང་ཟད་ཤེས་ཀྱི་ཡོད། དེའི་སྐོར་ཞིབ་འཇུག་བྱས་ཏེ་ཚིག་མཛོད་ནང་བཅུག་ཡོད། གཤམ་དུ་གཟིགས།
      སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས།
      དཔྱད། (གསོ་རིག) ❶ ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་ཅིང་ཞི་བར་བྱེད་པའི་བཅོས་ཐབས་ཀྱི་རིག་པ་ལ་ཟེར། མདོར་ན་ལུས་ཀྱི་ཕྱི་ནས་ནད་བཅོས་ཐབས་ཀྱི་རིག་པ་ཞེས་པའོ། །འདི་སྨན་གཞུང་ནས་བཤད་པའི་ཟས་སྤྱོད་སྨན་དཔྱད་བཞིའི་ཡ་གྱལ་གྱི་དཔྱད་ཅེས་པ་དེ་ཡིན། སྤྱིར་དཔྱད་ཀྱི་སྐད་དོད་ལ་བིདྱཱ་ཞེས་འབྱུང་ལ། དེ་ནི་རིག་པ་ཞེས་པ་ཡིན་པས་བརྟག་དཔྱད་ཀྱི་དཔྱད་ལ་གོ་བར་མི་བྱའོ། །དཔེར་ན་སྐར་མའི་རིག་པ་ལ། སྐར་མའི་དཔྱད་ཅེས་བརྗོད་པ་ལྟ་བུ། གཞན་ཡང་ཁྱིམ་ས་བརྟག་པའི་དཔྱད་ལ་བཱསྟུ་བིདྱཱ། ཤ་མཚན་གྱི་དཔྱད་ལ་ཨངྒ་མ་ཎི་བིདྱཱ། ཞེས་བྱེ་བྲག་རྟོགས་བྱེད་ཆེན་པོ་༧༦བ༣ལས་གསུངས་པ་ལྟར་རོ། །གསོ་རིག་བཤད་རྒྱུད་ལས། ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང༌་། །ཞི་བར་བྱེད་པ་གང་ཡིན་དཔྱད་ཡིན་ཏེ། །དེ་ཡང་འཇམ་དང་རྩུབ་དང་དྲག་པོ་གསུམ། །འཇམ་པོའི་དཔྱད་ལ་དུགས་ལུམས་བྱུག་པ་གསུམ། །རྩུབ་པའི་དཔྱད་ལ་གཏར་བསྲེག་དབུག་པ་གསུམ། །དྲག་པོ་འདྲལ་གཅོད་འདྲུད་དང་འབྱིན་པ་བཞི། །དེ་ཡི་ཆ་བྱད་ཟུག་རྔུ་བརྟག་པའི་དཔྱད། །སྐམ་པ་གཙགས་བུ་ཐུར་མ་ཕྲན་བུའོ། །ཞེས་སོགས་གསུངས་པ་ལྟར་རོ། །སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེེཌཱུརྱ་སྔོན་པོ་བཤད་རྒྱུད་ལས། ཆ་བྱད་རྣམ་པ་སྣ་ཚོགས་པས་ལུས་ཀྱི་ཕྱི་རོལ་ནས་ནང་གི་ཟུག་རྔུ་ལ་སོགས་པའི་ནད་རྣམས་དངོས་སུ་འབྱིན་པ་དང་ཞི་བར་བྱེད་པའི་ཐབས་གང་ཡིན་པ་དེ་ནི་དཔྱད་ཅེས་བྱ་བ་ཡིན་ཏེ། ཕྱི་ནས་སྦྱར་པའི་ཆོ་ག་གཙོ་བོར་བྱས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང༌། ཡན་ལག་བརྒྱད་པར། ཟུག་རྔུ་རྣམ་པ་སྣ་ཚོགས་ཀྱིས། །ལུས་ནི་སྣ་ཚོགས་གནོད་བྱེད་པ། །འབྱིན་པའི་ཐབས་སུ་གང་འགྱུར་དག །དཔྱད་ཡིན། ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟར་རོ། །དཔེར་ན་སྨན་དཔྱད་ཅེས་པ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་ཅེས་པ་ལྟ་བུའོ། །འདུལ་བ་ལུང་གཞི་(ག་པ)ལས། བྱང་ཆུབ་ཆེན་པོ་བརྙེས་པ་གང༌་། །དགྲ་ཆེན་རྣམས་ལས་རྣམ་པར་རྒྱལ། །ནད་ཆེན་པོ་ཡི་དཔྱད་མཛད་པས། །བཅོམ་ལྡན་སྨན་པ་ཆེན་པོ་ལགས། །ཞེས་དང་། དེས་སྨན་པ་འཚོ་བྱེད་དེར་འོངས་སོ་ཞེས་ཐོས་ནས་དེ་དེའི་དྲུང་དུ་སོང་སྟེ་སྨྲས་པ། འཚོ་བྱེད་བདག་ལ་བྲོ་ནད་མཆིས་ཀྱིས་དཔྱད་མཛོད་ཅིག །འཚོ་བྱེད་ཀྱིས་དེ་མཐོང་ཞིང་སྨྲ་བའི་ཚིག་ཐོས་ནས་ཆགས་པས་སྨྲས་པ། དམ་ཞིག་བཅའ་སྟེ། གལ་ཏེ་བདག་དང་ལྷན་ཅིག་དགའ་མགུར་སྤྱད་པ་ལྟ་ན་དཔྱད་བྱའོ། །དེས་སྨྲས་པ། གཡར་ཚ་ལགས་སོ། །དེས་སྨྲས་པ། ཁྱོད་ཀྱིས་དཔྱད་གཞན་ནི་མེད་དོ། །བདག་ལས་ཕངས་པ་གཞན་མེད་པས་དེས་ཁས་བླངས་སོ། །དེ་ནས་དེས་སྒྲེན་མོར་ཕྱུང་སྟེ་བཟོ་བཅོས་བྱས་ནས་མོ་མཚན་གྱི་སྒོར་ཤའི་དུམ་བུ་ཞིག་བཞག་པ་ལས། དེ་ནས་སྲིན་བུ་དེ་དེ་ལ་ཆགས་པ་དང་དེས་དེ་བླངས་ནས་བོར་ཏེ་སོས་པར་གྱུར་ཏོ། །དེ་འདོད་པའི་འདོད་ཆགས་ལ་ལྷག་པར་ཞེན་པས་བརྡ་ཞིག་བྱས་པ་དང་དེས་རྣ་བ་གཉིས་བཀག་སྟེ་སྨྲས་པ། ཁྱོད་ཁོ་བོའི་སྲིང་མོ་དང་འདྲ་སྟེ་ཁྱོད་ཀྱི་དཔྱད་དེ་ཡིན་པས་ཁོ་བོས་དེ་ལྟར་བྱས་པར་ཟད་དོ། །དེས་ཀྱང་དེ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་པ་དང༌་། དེས་དེ་ཡང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །ཞེས་གསུངས་པ་ལྟར་རོ། །❷ རིག་པ། ཤེས་བྱའི་གནས། གསོ་བ་རིག་པ་ལ་གསོ་དཔྱད། སྐར་མའི་རིག་པ་ལ། སྐར་མའི་དཔྱད། ཁྱིམ་ས་བརྟག་པའི་རིག་པ་ལ། ཁྱིམ་ས་བརྟག་པའི་དཔྱད། ཤ་མཚན་བརྟག་པའི་རིག་པ་ལ། ཤ་མཚན་གྱི་དཔྱད་ཅེས་བརྗོད་པ་ལྟ་བུ། བོད་རྒྱ་ཚིག་མཛོད་ཆེན་མོར། སེམས་ཀྱི་དཔྱད་པ་ཞིབ་མོའི་སྒོ་ནས་ལུས་ཀྱི་ཕྱི་ནས་ནད་མངོན་སུམ་འབྱིན་པའམ་འཕྲལ་དུ་ཞི་བར་བྱེད་པའི་ནད་བཅོས་ཐབས་ཤིག ཅེས་འབྱུང་བ་ནི་དཔྱད་ཅེས་པ་འདིར་རིག་པ་དང་དོན་གཅིག་ཡིན་པ་མ་མཁྱེན་པས་ནོངས་སོ། །❸ དཔྱོད་པའི་འདས་པ་དང་མ་འོངས་པ་དཔྱད་པ་དང་དོན་གཅིག དཔེར་ན་དཔྱད་དོ། །དཔྱད་ཀྱང་། དཔྱད་ན་ལྟ་བུའོ། །

  • @jigmeylama5629
    @jigmeylama5629 ปีที่แล้ว

    གོ་གོ་ན་མིང་དེ་དབྱིན་ཇི་ཐོག་བྲིས་ནས་འདི་བཀོད་རོགས་ཞུ

    • @gomdelharampa
      @gomdelharampa  ปีที่แล้ว +1

      coconut oil

    • @jigmeylama5629
      @jigmeylama5629 ปีที่แล้ว

      @@gomdelharampa བཀའ་དྲིན་ཆེ་ཞུ

  • @thinleymachu9558
    @thinleymachu9558 ปีที่แล้ว

    བྱུག་པ་སྐར་མ་བཅོ་ལྔ་ཙམ་བྱས་ན། སྣུམ་ཡང་ཡང་བྱུག་དགོས་སམ། ཐེངས་གཅིག་གམ་བྱུག་མ་ཆོག་གམ། གཡས་སྐོར་བྱུག་པ་བྱེད་དུས་ཤུགས་ཚད་ཅི་ཙམ་དགོས་སམ་ལགས། བཀའ་དྲིན་ལགས།

    • @gomdelharampa
      @gomdelharampa  ปีที่แล้ว +1

      གང་ལྟར་སྣུམ་དེ་ལྟོ་བ་ལ་མ་ཐིམ་གྱི་བར་དུ་བྱུག་དགོས། ཤུགས་ཆེ་ཆུང་འབྲིང་ཙམ་བྱེད་དགོས། གང་ལྟར་ལྟོ་བ་ཚ་པོ་ཆགས་པ་ཞིག་དགོས་རེད།

    • @thinleymachu9558
      @thinleymachu9558 ปีที่แล้ว

      @@gomdelharampa ལགས་སོ། བཀའ་འདྲི་ཡང་ཡང་ཞུ་བར་འཚེར་བོ་བྱུང་ཡང་། གལ་ཆེན་ཡིན་པར་བརྟེན་མི་འདྲི་ཐབས་མེད་བྱུང་། དགེ་བཤེས་ལགས་ཀྱིས་གུས་བའི་དྲི་བ་དག་ལ་ན་འདེབས་ཁ་གསལ་གོ་བདེ་གནང་བར་བཀའ་དྲིན་ཤིན་ཏུ་ཆེ། གུང་ཡང་བོད་ཀྱི་སྲོལ་རྒྱུན་སྨན་པ་གྲལ་མཐའ་བ་ཞིག་ལགས། འདིར་རྒྱུད་བཞིའི་ཡ་གྱལ་ཕྱི་མ་རྒྱུད་ཀྱི་ལེའུ་ཉེར་གཅིག་པ། མེ་བཙའི་ལེའུ་ལས། གསུངས་བའི་ཚིགས་བཅད་འགའ་དང་དེའི་འགྲེལ་བ་ཐར་ཐོར་ཞིག་ཕུལ་ཡོད། དེ་དག་ནི་བསྐུ་མཉེའི་གསང་མིན་ལ་མེ་བཙའི་གསང་ཡིན་ཡང་། དེའི་དགེ་བཤེས་ལགས་སུ་དཔྱད་གཞིའི་ཚུལ་དང་། དེ་མཚུངས་དོན་གཉེར་ཅན་སུ་རུང་ལ་ཕན་པ་ཅུང་ཙམ་རེ་ཐོགས་ན་བསམ།
      རྒྱུད་ཚིག
      " ལྷེན་སྣའི་རྩེ་ནས་མཚོན་གང་ལྷེན་གྱི་གསང་།།
      དེ་འོག་མཚོན་གང་ཁ་གསུམ་སྐྲན་གྱི་གསང་།།
      དེ་འོག་མཚོན་གང་ཁ་གསུམ་མེ་མཉམ་གསང་།།
      ལྷེན་སྐྲན་མེ་མཉམ་གྲང་རླུང་རྒྱས་ལ་གདབ།།"
      ཅེས་ལྷེན་སྣའི་རྩེ་ནས་ཐུར་ལ་ནད་པ་རང་གི་མཚོན་གང་གཞལ་བའི་ས། བད་གན་ལྷེན་གྱི་གསང་དང་། ལྷེན་གསང་ནས་ཐུར་དུ་མཚོན་གང་གཡས་གཡོན་ལ་མཚོན་རེ་གཞལ་བའི་ཁ་གསུམ་ནི་ཕོ་བའི་སྐྲན་གྱི་གསང་དང་། སྐྲན་གསང་ནས་ཐུར་དུ་མཚོན་གང་གཞལ་མཚམས་ཁ་གསུམ་ནི་གོང་བཞིན་མེ་དྲོད་ཉམས་པའི་གསང་བཅས་ཡིན་པས་སོ།
      དང་བོ་ལྷེན་གསང་དུ་མེ་གདབ་པའི་ཕན་ཡོན་ནི།
      ལྷེན་སྐྲན་གྱི་ནད་དང་། མ་ཞུ་བའི་ནད། བད་རླུང་གྱེན་རྒྱུ། འཁྲུ་བ། སྐྱུུག་པ། སྒྲེགས་པ། ཟས་མི་འཇུ་བ་བཅས་སུ་ཕན་ནོ།
      གཉིས་བ་སྐྲན་གསང་དུ་མེ་གདབ་པའི་ཕན་ཡོན་ནི།
      ཕོ་བར་སྐྲན་འདྲིལ་བ་དང་། ཆུ་སྐྱུར་སྐྱུགས་ཤིང་ཕྱི་དྲོ་སྦོས་བ་དང་། སྒྲེགས་པ་སོགས་ལ་ཕན་ནོ།
      གསུམ་པ་མེ་མཉམ་གསང་དུ་མེ་གདབ་པའི་ཕན་ཡོན་ནི
      ཕོ་བའི་མེ་དྲོད་ཉམས་པ་དང་། ཁ་ཟས་འཇུ་དཀའ་བ། སྐྱུག་པ་སོགས་སུ་ཕན་ནོ། གང་ལྟར་གསུམ་གསུམ་དགུ་བོ་ནི་ཕོ་བའི་མི་འགྱུར་བའི་གསང་ཞེས་ཟེར་བ་ཡིན།

    • @gomdelharampa
      @gomdelharampa  ปีที่แล้ว +1

      ལགས་སོ། །ཐུགས་རྗེ་ཆེ།

  • @tenzinjingmey337
    @tenzinjingmey337 ปีที่แล้ว +2

    གཅིན་པ་ཡང་ཡང་འབབ་གི་འདུག་པས་སྨན་འདི་འཕན་གྱི་རེད་དམ་་ཡང་གཞན་ཡོད་དམ་

    • @gomdelharampa
      @gomdelharampa  ปีที่แล้ว

      གཏན་གཏན་ཕན་གྱི་རེད། འཁྱགས་ནའང་གཅིན་པ་ཡང་ཡང་འབབ་ཀྱི་རེད། མ་ཟད་གཅིན་སྙིའི་ནད་པ་དེ་ཚོར་ཡང་གཅིན་པ་ཡང་ཡང་འབབ་ཀྱི་རེད་ཟེར།

  • @fnuphurdon
    @fnuphurdon ปีที่แล้ว

    Thucheynang.

  • @WANGLHA6872
    @WANGLHA6872 ปีที่แล้ว +1

    Geshe la where's the mantra? The video ended but i didn't hear any mantra. Unless its the written guidelines that you readout loud.

    • @gomdelharampa
      @gomdelharampa  ปีที่แล้ว +1

      There is no Mantra

    • @WANGLHA6872
      @WANGLHA6872 ปีที่แล้ว

      So the solution is to apply coconut oil and control diet only?

  • @KalsangdolmaDolma-uc4ss
    @KalsangdolmaDolma-uc4ss ปีที่แล้ว

    Tashi delek Genla how to treat for fatty liver.please reply for me.

    • @lobsangchomphel3799
      @lobsangchomphel3799 ปีที่แล้ว

      Avoid fatty food and exercise frequently, but fish fatty is required.

    • @Shambhalacandy
      @Shambhalacandy ปีที่แล้ว

      Stop drinking n smoking avoid junk food simple.

    • @Everest4Peace
      @Everest4Peace ปีที่แล้ว

      Drink less or no fruit juice especially orange juices as these are modern cause of non-alcoholic fatty liver in young people👌

  • @ghangnon1
    @ghangnon1 ปีที่แล้ว

    ཤིང་བེ་ཏའི་སྣུམ་གྱིས་བྱུག་པ་རྒྱབ་དགོས། དེ་ཡང་སྐོར་བ་ནང་སྐོར་རྒྱབ་སྟེ་ཐེངས་མ་བདུན་བརྒྱ་ཙམ་རྒྱབ་དགོས་རེད་གསུངས་སོང་། དེ་ནས་ཕོར་པའི་ནང་ནས་རྡོ་ལེབ་འགའ་ཞིག་བཏོན་ཏེ་རྡོ་ལེབ་དེ་ཚོས་ག་རེ་བྱེད་དགོས་མིན་གང་ཡང་གསུང་མ་སོང་། ད་དུང་སྣུམ་ཚ་གྲང་ཅི་ཞིག་གི་སྒོ་ནས་བྱུག་པ་རྒྱབ་དགོས་མིན་ཡང་ཁ་གསལ་གསུང་མ་སོང་། བརྙན་རྗེས་མའི་ནང་བྱུག་པ་རྒྱབ་སྟངས་ཁ་གསལ་པོ་ཞིག་གསུང་རོགས་གནང་། སྣུམ་ཚ་པོ་དགོས་སམ་གྲང་མོ། རྡོ་ལེབ་ལ་སྣུམ་བྱུག་སྟེ་ཕོ་བར་སྐོར་ནས་བྱུག་དགོས་སམ། ཡང་ན་ལག་མཐིལ་ལ་སྣུམ་བྱུག་སྟེ་ཕུར་དགོས་སམ།

  • @pfmssdladakh6127
    @pfmssdladakh6127 ปีที่แล้ว

    could you translate in English

  • @tashichodon8415
    @tashichodon8415 8 หลายเดือนก่อน

    Thank you Gheshe la ,
    Fully agree with you.

  • @lobsangtsering3324
    @lobsangtsering3324 หลายเดือนก่อน

    🙏🙏🙏💐

  • @dolma9078
    @dolma9078 10 วันที่ผ่านมา

    🙏🌻🙏🌻🙏

  • @dolmatso9285
    @dolmatso9285 ปีที่แล้ว

    🙏🙏🙏💐💐💐

  • @degaso7884
    @degaso7884 ปีที่แล้ว

    🌸🌸🌸🌸🌸🙏🙏🙏🙏🙏

  • @migmardhundup
    @migmardhundup ปีที่แล้ว

    🙏🙏🙏