༈ དྲག་པོའི་སྲེག་སྦྱོར་དང་ལྕགས་མཁར་ཆེན་མོའི་གཏོར་རྒྱག་བརྙན་ཐུང་།

แชร์
ฝัง
  • เผยแพร่เมื่อ 28 ม.ค. 2024
  • ༄༅།།བོད་བསྟན་པ་ཆབ་སྲིད་ཀྱི་ཞབས་རིམ། འདི་ག་གསང་ཆེན་རིག་འཛིན་གྱི་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་ལོ་ལྟར་རྒྱལ་བསྟན་སྤྱི་དང་། བྱེ་བྲག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་བསྟན་པ་དང་། བསྟན་པ་དེ་འཛིན་ཀུན་གྱི་གཙུག་རྒྱན་༸ སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་། ལྷག་པར་བསྟན་པ་ཆོས་སྦྱིན་གྱི་མངའ་བདག་བོད་མིའི་སྒྲིག་འཛུགས་ཀྱི་བསྟན་སྲིད་སྤྱི་ལ་འཚེ་བའི་གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་བགེགས་སོགས་ལས་བྱུང་བའི་བསམ་སྦྱོར་ངན་པའི་རིགས་མཐའ་དག་བཟློག་པ། དུས་ངན་ས་ཡོམ་གྱི་གོད་ཆག་དང་ནད་རིམས་མྱུར་དུ་ཞི་བ་སོགས་ཀྱི་ཆེད་དུ། བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་ཞབས་རིམ་རྒྱུད་རྟོགས་བདུན་གྱི་དགོངས་དོན་བཞིན་དྲག་པོའི་སྲེག་སྦྱོར་ལྕགས་མཁར་ཆེན་མོའི་གཏོར་རྒྱག །ཅེས་གནའ་ནས་ད་བར་དུ་བོད་ཁམས་ཡོངས་ལ་གྲགས་ཆེ་བ་དང་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་ཞབས་རིམ་དེ་ཉིད་ཀྱི་སྦྱོར་དངོས་མཇུག་གསུམ་ཡོངས་རྫོགས་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན། བླ་མ་གོང་མའི་མན་ངག ། མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན། དེ་རིང་སྟེ་ཕྱི་ལོ་༢༠༢༤ ཟླ་ ༡ ཚེས་༢༩ ཉིན་གྱི་དགོང་མོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་མཆོག་དབུས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་དྷ་སའི་ཁུལ་དུ་གནས་བཞུགས་བོད་རིགས་རྣམས་དང་། དེ་མིན་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་སེར་སྐྱ་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ལེགས་པར་གྲུབ་པའོ།། དགེ་ལེགས་འཕེལ།
    The Additional Secretary Department of Religion and culture, Central Tibetan Administration , governmental and non-governmental organizations present at Gyuto Tantric monastery for the Commencement of Yamaraja ritual, preparatory to iron-mansion ritual (Chak-khar Chanmo) of the final day prayer ceremony . This fire Puga is dedicated to His Holiness the Dalai Lama for his long and healthy life and for the world peace and success for the Tibetan cause.

ความคิดเห็น •