ไม่สามารถเล่นวิดีโอนี้
ขออภัยในความไม่สะดวก

༄། སྐྱེ་བའི་མཐའ་མ་འཆི་བ།། death is inevitable after birth.

แชร์
ฝัง
  • เผยแพร่เมื่อ 22 ธ.ค. 2023
  • གཅེས་པའི་ཨ་མ་ཚེ་རིང་ལྷ་མོ་འདི།།
    བཀའ་དྲིན་གཞལ་མེད་འཆི་བའི་གཏམ་ཐོས་ཚེ།།
    བདག་སེམས་ལྷུན་པོ་བསྙིལ་འདྲ་ཚོར་སྣང་སྦྱིན།
    འོན་ཀྱང་བཀའ་དྲིན་གསབ་་ཕྱིར་ཞབས་རིམ་འབད།།
    ཚེ་འདི་མི་རྟག་འཆི་བའི་གཅེས་མ་ལགས།།
    བཀའ་དྲིན་གཞལ་མེད་འཆི་བའི་གཏམ་ཐོས་ཚེ།།
    བདག་སེམས་ལྷུན་པོ་བསྙིལ་འདྲ་ཚོར་སྣང་སྦྱིན།
    འོན་ཀྱང་བཀའ་དྲིན་གསབ་་ཕྱིར་ཞབས་རིམ་འབད།།
    དཀོན་མཆོག་བརྩེགས་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ།། འདུན་པའི་རྩ་བ་རབ་ཏུ་གནས།། གང་གིས་སྨོན་ལམ་ཅི་བཏབ་པ།། དེ་འདྲའི་འབྲས་བུ་ཉིད་དུ་འབྱུང་།། ཞེས་དང་།
    བློ་གྲོས་མི་ཟད་པས་བསྟན་པའི་མདོར། བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ་དཔེར་ན། ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྟུང་བ་ནི་བསྐལ་པས་མ་བསྲེགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ། གཏུགས་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་འདུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ། གཏུགས་པར་འགྱུར་བ་གང་ཡང་མེད་དོ།།
    བདེ་སྨོན་ལས།
    ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །འཁོར་ཚོགས་རྒྱ་མཚོས་བསྐོར་བའི་འོད་དཔག་མེད། །མིག་གི་ལམ་དུ་གསལ་བར་མཐོང་གྱུར་ནས། །དད་དང་སྙིང་རྗེས་བདག་རྒྱུད་གང་བར་ཤོག །བར་དོའི་སྣང་བ་ཤར་བར་གྱུར་མ་ཐག །རྒྱལ་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་ཏེ། །བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་བ་ཡིས། །མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག །

ความคิดเห็น •