Glimpse of the cremation of Kyabje Tengpoche Rinpoche's kudung( precious body) 21/08/2022

แชร์
ฝัง
  • เผยแพร่เมื่อ 21 ส.ค. 2024
  • ༄། བསྟན་ལ་དད་ཅིང་མོས་པའི་ཆོས་གྲོགས་རྣམས་ལ་སྙན་གསོལ། ཕྱི་ལོ་༢༠༢༢/ཟླ་༨/པའི་ནང་འཛམ་གླིང་ས་མཐོའི་ཡངརྩེ་ཇོ་མོ་གླང་མའི་ཉེ་འདབས་སྟེང་པོ་ཆེ་མདོ་སྔགས་ཐེག་མཆོག་ཆོས་གླིང་དགོན་གྱི་བསྟན་བདག་༧སྐྱབས་རྗེ་སྟེང་པོ་ཆེ་རིན་པོ་ཆེ་རྗེ་བཙུན་བྱམས་པ་ཀུན་བཟང་བསྟན་པའི་རྒྱལ་མཚན་ནམ་ངག་དབང་བསྟན་འཛིན་དཔལ་བཟང་པོ་མཆོག་ནི། ༧ངོར་ཆེན་རྡོ་རྗེ་འཆང་།༧ས་སྐྱ་གོང་མ་ཁྲི་ཆེན།༧ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། ༧སྐྱབས་རྗེམཁྱེནབརྩེ་རིན་པོ་ཆེ། ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ། ༧ སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་རྣམས་ཀྱི་ཐུགས་སྲས་དང་། ༧སྐྱབས་རྗེ་བདེ་ཕུག་རིན་པོ་ཆེ་སྐུ་གོང་འོག་རྣམ་བླ་སློབ་ཀྱི་ཚུལ་དུ་བཞུགས་ཤིང་། མཁས་བཙུན་བཟང་གསུམ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་སྤྲོས་བྲལ་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བཞུགས་ཤིང་འཛམ་གླིང་བསྟན་འགྲོ་སྤྱི་དང་ལྷག་པར་ཧི་མ་ལ་ཡི་ལྗོངས་འདིར་བསྟན་པ་འཛིན་སྐྱོང་སྤེལ་ལ་ཐུགས་བརྩེ་་བཀའ་དྲིན་གཞལ་དུ་མེད་པའི་མཛད་འཕྲིན་བསྐྱོང་བཞིན་དགུངས་གྲངས་༨༦/ཐོག་ཕྱི་ལོ་༢༠༢༠/ ཟླ་༡༠/ཚེས་༩/ཉིན་འདུལ་བྱ་རྟག་འཛིན་ཅན་གྱི་ངོར་གཟུགས་སྐུ་ཆོས་དབྱིངས་སུ་གཤེགས་ཏེ་སྐུ་གདུང་རིན་པོ་ཆེ་གདན་སར་མུ་འཐུད་གདུང་མཆོད་ཟབ་རྒྱས་མཛད་ཅིང་། སྔོན་ནས་གསོལ་འདེབས་ཞུ་གནང་མཛད་པ་ལྟར་༧ སྐྱབས་རྗེ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་དང་། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་ཨོ་རྒྱན་བསྟན་འཛིན་འཇིགས་མེད་ལྷུན་གྲུབ་རྣམ་གཉིས་ཕྱི་ཚེས་༡༨/ཉིན་སྟེང་པོ་ཆེར་༧ཞབས་སོར་བཀའ་དྲིན་ཆེ་བཀོད་ལྟར་༧ སྐྱབས་རྗེ་རྣམ་གཉིས་དང་། བདེ་ཕུག་རིན་པོ་ཆེ།ཟངས་ཟངས་རིན་པོ་ཆེ། སློབ་དཔོན་ངག་ཆོས་དཔལ་རིན་པོ་ཆེ། སེང་བྲག་རིན་པོ་ཆེ། ཐང་སྨད་མཆོག་སྤྲལ་རིན་པོ་ཆེ། རྩིབས་རི་ལོ་པཎ་རིན་པོ་ཆེ། གཞན་ཡང་གདན་འཛིན་བླ་མ་དང་མཁན་པོ་སློབ་དཔོན་གྲངས་མང་། དགེ་འདུན་བཙུན་མ་དང་སྔགས་འཆང་སོགས་འདུས་པ་བརྒྱ་ཕྲག་གསུམ་ལ་ཉེ་བ་ལྷན་འཛོམས་ཐོག་ཕྱི་ཚེས་༡༩/ཉིན་ཟངས་མདོག་དཔལ་རིའི་གཙུག་ལག་ཁང་ལ་རབ་གནས་མཛད་སྒོ། ཚེས་༢༠ཉིན་འདུས་མང་ལ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོརྗེ་སེམས་དཔའ་དང་། འཇམ་དཔལ་དབྱངས། འཆི་མེད་འཕགས་མའི་སྙིང་ཐིག་བཅས་ཀྱི་བཀའ་དབང་བཀྲིན་ཆེ་སྩལ་དང་། ཕྱི་ལོ་༢༠༢༢/ཟླ་༨/ཚེས་༢༡/བོད་ཟླ་༦ ཚེས་༢༥/ཉིན་དད་ལྡན་སློབ་ཚོགས་སྟོང་ཕྲག་གཉིས་བརྒལ་བ་ལྷན་འཛོམས་ཐོག་དཔལ་རྡོ་རྗེ་སེམས་པའི་སྒོ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་མཛད་སྒོ། ཚེས་༢༢/ཉིན་བསྟན་བསྲུང་དམ་ཅན་ཡུལ་གཞིས་ལྷ་སྲུང་རྣམས་ལ་གཏང་རག་གསོལ་མཆོད་དུ་རྒྱགས་བརྔན་ལྷ་བསང་། ཕྱི་དྲོ་སྤང་ཆེ་གཏེར་ཕུག་ཆོས་འཁོར་ཡངས་རྩེའི་སྒྲུབ་གནས་སུ་ཞབས་བཀོད་བཀྲིན་ཆེ་སྩལ། དགོང་དྲོ་རྡོར་སེམས་སྒྲུབ་པའི་དཀྱིལ་འཁོར་རྒྱན་བཀོད་མཛད། ཚེས་༢༣/ཉིན་སྐྱབས་རྗེ་རྣམ་གཉིས་ཕྱིར་ཕེབས་མཛད། མཛད་སྒོ་རྣམས་མཐུས་གཙང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་པས་༧སྐྱབས་རྗེ་ཞི་བར་གཤེགས་པ་དམ་པ་གང་གི་ཐུགས་ཀྱི་བཞེད་དོན་འགྲུབ་པ་དང་།། སླར་ཡང་བདག་སོགས་བསྟན་འགྲོ་སྤྱི་བྱེར་ཐུགས་བརྩེས་ཉེ་བར་དགོངས་ཏེ་གསང་གསུམ་གཅིག་བསྡུས་ཀྱི་ཡང་སྤྲུལ་ཉིན་བྱེད་དབང་པོ་མྱུར་དུ་འཆར་བའི་གསོལ་འདེབས་ཞུ་བཞིན་དང་། བརྙན་ཐུང་འགའ་དད་ལྡན་རྣམས་ཀྱི་སྤྱན་ལམ་དུ་དགྱེས་འབུལ་ཞུ།། །།
    Here it’s a short video glimpse of an auspicious events; the cremation of Kyabje Tengpoche Rinpoche’s kudung( precious body), the consecration of ZangDokPalri( pure land of Guru Rinpoche, The Glorious Copper Colored Mountain) Shrine , the opening Drupchoe of Varjsattva and others dharma activities with graciously presented of Kyabje Dzongsar Khyentse Rinpoche, Kyabje Dilgo Khyentse Rinpoche, H. E Dephuk Rinpoche, H.E Sang Sang Rinpoche, Rinpoches, Khenpos, Lopons, Sanghas, lay practitioners and many devotees. Kyabje Tengpoche Rinpoche’s unsurpassable aspirations & prayers everything went well as planned and lots of auspicious signs had been arises. May his enlightened wishes and aspirations be fulfilled and swiftly rebirth to continue his vast Buddha dharma activities and legacy that he left.

ความคิดเห็น • 6