བཤེས་གཉེན་ཆེན་མོ་མཁན་ཆེན་པདྨ་ཤེས་རབ་མཆོག་ཞལ་མཇལ་ཞིང་། ཆོས་ཚན་ཟུང་འབྲེལ་གལ་ཆེ་ཚུལ་གྱི་བཀའ་མོལ་བྱིན་ཅན

แชร์
ฝัง
  • เผยแพร่เมื่อ 7 ก.พ. 2025

ความคิดเห็น • 9

  • @yeshidorjee6711
    @yeshidorjee6711 6 วันที่ผ่านมา

    ❤❤❤🎉🎉🎉

  • @jamchupchomphel64
    @jamchupchomphel64  7 วันที่ผ่านมา

    མཁན་ཆེན་པདྨ་ཤེས་རབ་མཆོག་མཇལ་བའི་མྱོང་ཚོར།
    གནའ་བོ་རྒྱ་གར་ཤིང་གི་དུར་ཁྲོད་འདབ།།
    སྦྱོང་པའི་ཡོན་ཏན་བཅུ་གཉིས་བརྟུལ་ཞུགས་ཅན།།
    དེང་སང་ལྷོ་ལ་ཡོད་པའི་སྐད་ཆ་ཞིག།
    ཐོས་འཛིན་ལམ་ན་སྙན་པའི་རོལ་མོ་དཀྲོལ།།
    མི་ཚེ་ཤེས་རབ་སྦྱོང་པའི་ཤུལ་ལམ་ནས།།
    སྤྲང་པོ་ལྕགས་སྨྱུག་ཐོགས་པའི་འཁྱམ་པོ་བདག།
    གུས་པའི་ཕྱག་དང་བཟང་པོའི་གླེགས་བམ་བཅས།།
    ཕུལ་ན་ལོ་རྒྱུས་ནོམ་པ་བཅུད་ཀྱིས་ལྗིད།།
    དངོས་སྨྲའི་དགག་སྒྲུབ་སྨྱོས་པའི་གྲུབ་མཐའ་སྟེ།།
    ནང་པའི་ཕྱོགས་སྔ་ད་ཐེངས་ཤི་ཟིན་པས།།
    དེ་ལས་ཕྱི་རོལ་གསོན་པོ་སླེབས་འདྲ་བ།།
    ཆོས་མེད་མཚན་རིག་སྨྲ་བ་ཀླན་ན་མཛེས།།
    དེ་སྐད་གསུང་གི་གདམས་ངག་རྟོག་གེའི་སྒྲ།།
    དངོས་སྟོབས་རིགས་པའི་ལམ་ནས་བདག་ལ་ཕོབ་།།
    ཟབ་དོན་དཀའ་གནད་སྔར་འགྱུར་ལྟ་བའི་གནད།།
    དབུ་མའི་གཞུང་གི་ཐལ་ཚིག་གསང་བ་བཤད།།
    བདེ་གཤེགས་སྟོན་པའི་གླེགས་བམ་བརྒྱ་ཕྲག་འགའི།།
    བརྗོད་དོན་གཅིག་ལ་འདྲིལ་བའི་ལེགས་བཤད་ཀྱི།།
    དཀར་པོ་ཆིག་ཐུབ་སྨན་གྱི་སྦྱོར་བ་ཞིག།
    དྲང་སྲོང་རིག་བྱེད་གསུང་གིས་བདག་ལ་བསྩལ།།
    མགོ་བོ་སྒུར་སྒུར་དུད་པའི་རྒྱབ་ལོག་ན།།
    སྐྱོན་མཚང་འབྱིན་པའི་ལྐོག་བཤད་བདག་ལ་མེད།།
    ཤེས་རབ་སྤོབས་པས་བཏེགས་པའི་གོང་བ་ན།།
    དད་པའི་མེ་ཏོག་གདོང་གི་ཟུར་མིག་ཡོད།།
    འཕགས་ཡུལ་གནས་བརྟན་འོད་སྲུང་འདྲ་བའི་དྲུང་།།
    དད་པའི་པུས་མོ་ས་ཆེན་ཕང་དུ་ལྷུང་།།
    དང་བའི་མིག་གིས་ཡང་ཡང་མཇལ་བ་འདི།།
    སྔོན་ཚེ་བསོད་ནམས་སྟོང་གི་ལྷག་མ་ཡིན།།
    2025/1/26/ ཉིན་སྟོང་ཐུན་པས།།

  • @jamchupchomphel64
    @jamchupchomphel64  10 วันที่ผ่านมา +3

    མཁན་ཆེན་འདུལ་བ་འཛིན་པ་ཁོང་ད་ལན་མཇལ་བ་འདི་བདག་གི་བསོད་ནམས་བླ་མེད་དུ་བརྩི་གིན་ཡོད། ས་པན་གྱི་ཞལ་ནས། དམ་པ་རྣམས་གྱི་དྲུང་འདུག་ཚེ།།
    ཞུམ་ཞིང་རྗེས་འབྲང་བླུན་པོའི་རྟགས།།
    ཅེས་གསུང་པ་ལྟར་དུ་མ་སོང་བ་རིན་པོ་ཆེའི་སྙན་ལམ་དུ་ཞུ་ལན་སྒྲ་དག་གསལ་གསུམ་ངང་འབུལ་ཐུབ་པ་བྱུང་བས་བསྐལ་བཟང་ངོ་མ་ཞིག་ཡིན་ལ། ལྷག་པར་དུ་ཁོང་གི་ཐུགས་དགོངས་དཀྱེལ་ཡངས་ཀྱི་བཀའ་སློབ་གསེར་ནག་འདྲ་བ་འདི་བརླག་ན་གྱོང་ཆེན་པོར་མཐོང་ནས་ད་ལན་ངའི་སྒེར་གྱི་དྲྭ་ལམ་དུ་དྲན་རྟེན་དུ་ཉར་ཡོད།
    དང་པོར་དད་པའི་གཙུག་གིས་མཇལ་དར་ཕུལ།།
    བར་དུ་སེང་ཁྲིའི་དྲུང་ན་གུས་འདུད་ཞུས།།
    ཆོས་ཚན་སྙིང་གཏམ་དམར་རྗེན་བདག་ལ་གནང་།།
    འདི་འདྲ་བསྐལ་བཟང་ཁོ་བོ་གཅིག་པུས་མྱོང་།།
    མཐར་རིན་པོ་ཆེ་སྐུ་ཚེ་ཡུན་རིང་དུ་བཞུགས་པའི་གསོལ་འདེབས་ཡང་ཡང་ཞུ་རྒྱུའི་བསྐལ་བ་བྱུང་སོང་།།
    ❤❤❤❤❤

  • @བློབཟངཉིམ
    @བློབཟངཉིམ 9 วันที่ผ่านมา +3

    འདུལ་བ་འཛིན་པ་མཁན་ཆེན་མཆོག་དང་མཇལ་བའི་བཀའ་མོལ་འདི་འདྲ་ལྷད་སྤུ་ཙམ་མེད་པར་ཕྱི་གཙང་ནང་གཙང་གི་རྣམ་པ་ཅན་དང་། ལྷག་པར་དུ་དེང་སང་མཁན་པོ་དང་བླ་མ་མཇལ་སྐབས་སྒོར་དང་། ཡོ་བྱད་འདྲ་མིན་ཕུལ་བ་དང་། མགོ་སྒུར་ལྕེ་ནར་ནས་རང་རང་སོ་སོའི་སྒེར་གྱི་དགོས་མཁོའི་ལས་དོན་ཞུ་བ་འདྲ་མ་གཏོགས་འདི་འདྲའི་གཞུང་ཆེན་གྱི་འགྲེལ་བ་ཁག་དང་ཚན་རིག་སོགས་ཀྱི་རྩོམ་རིག་གི་ཐོག་ནས་བཀའ་མོལ་མཛད་མཁན་ནི་ཧ་ཅང་ཉུང་ཉུང་རེད། དངོས་གནས་མཁན་ཆེན་མཆོག་ལ་ལེགས་བཤད་ཀྱི་སྐྱེས་ཕུལ་འདུག ཡི་རངས་ཞུ མཁན་ཆེན་མཆོག་དང་མཇལ་བཅར་བ་གཉིས་ཀའི་བཀའ་མོལ་ལ་བལྟས་ན་ཁ་རུ་ཁ་ཐུག་རེད་གཞག

  • @DawaTenzin-r2v
    @DawaTenzin-r2v 10 วันที่ผ่านมา +1

    དེ་གཞན་ངོ་ལ་ངོ་མཚར་ཆེན་པོ་དང་རང་ངོ་ལ་བསྐལ་བ་བཟང་པོ་ཞེ་དྲགས་རེད🙏🙏🙏

    • @transparent7512
      @transparent7512 7 วันที่ผ่านมา +1

      ཧཧཧ། དེ་འདྲ་ལ་ངོ་མཚར་རྒྱུ་ཅི་ཡོད་མ་རེད། སྔ་འགྱུར་བའི་ངོ་ལ་ལྟོས་ན།

  • @tseringkalsang9919
    @tseringkalsang9919 10 วันที่ผ่านมา

    རྒན་ལགས་་་་་མཁན་པོ་དེ་ཕ་ཡུལ་གང་གི་རེད་་་

    • @rdcloud123
      @rdcloud123 10 วันที่ผ่านมา +1

      སྡེ་དགེ་འཇོ་མདའ་ནས་རེད་

  • @yeshidorjee6711
    @yeshidorjee6711 6 วันที่ผ่านมา

    👍👍👍👍💘🥰