བློ་རིག་འཆད་ཁྲིད། /Buddhist Psychology. P-3/ 61/ དགེ་བཤེས་ཟླ་བ་ཚེ་རིང་།/Geshe Dawa Tsering

แชร์
ฝัง
  • เผยแพร่เมื่อ 18 ก.ย. 2024
  • འཆད་འཕྲིན་མཚམས་སྦྱོར།
    དཔེ་མཚོན་ན། སངས་རྒྱས་ཀྱི་ཆོས་ཚུལ་འདི་རྒྱབ་ལ་གོན་རྒྱུ་ལྭ་བ་ཞིག་ཡིན་ན་སེམས་ཁམས་རིག་པ་ནི་དེའི་རྒྱུ་ཆ་བལ་སྐུད་ཅིག་དང་མཚུངས་པ་ཡིན། བལ་སྐུད་ཀྱིས་ལྭ་བའི་ཕྱི་ནང་ཀུན་ལ་ཁྱབ་པ་ལྟར་སེམས་ཁམས་རིག་པས་ཀྱང་ནང་བསྟན་ཧྲིལ་པོ་ལ་ཁྱབ་ཅིང་ནང་པའི་ལྟ་གྲུབ་ཡོངས་རྫོགས་དེར་དབྱེར་མི་ཕྱེད་པར་ཐིམ་ནས་ཡོད། དེང་ནང་པའི་ལྟ་གྲུབ་ལ་སེམས་ཁམས་ཚན་རིག་བརྗོད་པ་ཡང་དོན་ལ་གནས་པ་ཞིག་ཡིན། དེ་བས་སེམས་ཁམས་རིག་པའམ་བློ་རིག་གི་རྣམ་གཞག་འདི་ཞིབ་མོར་མ་ཤེས་པར་ནང་བསྟན་ལྟ་གྲུབ་ཤེས་འདོད་པ་ནི་འོད་སྣང་སྤངས་ནས་ཉི་མ་ལ་བལྟ་འདོད་པ་དང་ཀུན་ནས་མཚུངས། སྨྲ་བའི་དབང་ཕྱུག་ལྷ་རམས་པ་ཏྲེ་ཧོར་རྒན་ཟླ་བ་ཚེ་རིང་མཆོག་གིས་ཆེས་ཕྲ་ཞིབ་གཏིང་ཟབ་ཀྱིས་བློ་རིག་རྣམ་གཞག་འདི་བཀའ་ཁྲིད་མཛད་ཅིང་། དུས་ཡུན་ཁྱོན་བསྡོམས་ཆུ་ཚོད་དྲུག་ཅུ་ཙམ་བཞུགས། འདི་དགོན་སྡེ་ཁག་ཏུ་རིགས་ལམ་ལ་ཐོག་མར་འཇུག་དུས་འཆད་ཁྲིད་བྱེད་ཐབས་དེ་ཙམ་མིན་པ་སེམས་ཁམས་རིག་པའི་གཞུང་ཆེན་ཁག་དང་ཞིབ་བསྡུར་གཏིང་ཟབ་མཛད་པ་མ་ཟད། བློ་རིག་སོ་སོའི་ཐད་ནང་པའི་གྲུབ་མཐའ་བཞིའི་བཞེད་མཚམས་མི་མཐུན་པ་ཆ་ཕྲ་མོ་ཚུན་ཆད་ཕན་ཚུན་མ་འདྲེས་པར་སོ་སོར་ཕྱེད་དེ་གསལ་བཤད་མཛད་འདུག་པས་སེམས་ཁམས་རིག་པའི་འཆད་ཁྲིད་རྒྱས་ཤོས་དང་འཁྲིད་ཐབས་དམིགས་བསལ་ཅན་རྨད་དུ་བྱུང་བ་ཞིག་ཏུ་འདུག་པས་སེམས་ཁམས་རིག་པའི་རྣམ་གཞག་ལ་ཉམས་ཞིབ་དང་ཡང་ན་ཞིབ་མོར་སྦྱོང་འདུན་ཅན་དག་གིས་ཐུགས་སྣང་མཛད་པ་ཞུ།

ความคิดเห็น • 4