བོད་གླུ་གར་གྱི་རྒྱ་མཚོ། - ཆོས་གསུམ་མི་རིགས་ཚེ་རིང་མ་ལ།

แชร์
ฝัง
  • เผยแพร่เมื่อ 18 ต.ค. 2024
  • ལེ་ཚན་དགུ་པ། ཆོས་གསུམ་མི་རིགས་ཚེ་རིང་མ་ལ་ཞེས་པའི་འཁྲབ་གཞས་འདི་ནི་ཕྱི་ལོ་ ༡༩༦༡ ལོར་བོད་ཀྱི་ཟློས་གར་ ཚོགས་པའི་བོད་ཀྱི་སྔ་མོའི་གདངས་དབྱངས་གཞི་ལ་བཞག་ཏེ་གླུ་ཚིག་གསར་རྩོམ་ཞུས་པའི་གླུ་གཞས་ཤིག་ཡིན་པ་དང་། ནང་དོན་ནི་བོད་ཀྱི་བླ་ན་མེད་པའི་མགོན་སྐྱབས་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གང ས་ཅན་ཞིང་དུ་འཁྲུངས་ཤིང་བོད་མིའི་བསོད་ནམས་ཀྱི་ལས་སྐལ་བྱུང་བ་དང་། སངས་རྒྱས་ཀྱི་བསྟན་པའི་ དར་བའི་ཞིང་མཆོག་ཁྱད་དུ་འཕགས་པར་གྱུར་ཡང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་ ཧམ་ཤེད་བཙན་འཕྲོག་བྱས་ཏེ་བོད་ཀྱི་སྣོད་བཅུད་གཉིས་ལ་གོད་ཆགས་ཚད་མེད་བཏང་བ་དང་། བོད་མིའི་ རྣམས་རང་ཡུལ་བཞག་སྟེ་གཞན་ཡུལ་འགྲིམས་དགོས་པའི་གནས་སུ་གྱར་ཡོད་སྟབས། བོད་མིའི་སེམས་ ཤུགས་ཀྱི་མེ་ལྕེ་ནམ་ཡང་མ་ཞུམ་པར་ཆོལ་གསུམ་མི་རིགས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་པའི་འཁྲབ་གཞས་ཤིག་ཡིན།

ความคิดเห็น •