ལྟ་སྒོམ་ཐོག་འཕགས་བོད་མཁས་པའི་བགྲོ་གླེང་། སྔ་འགྱུར་རྙིང་མའི་དབུ་མའི་ལྟ་བའི་བཞེད་ཚུལ་དང་སྒོམ་སྒྲུབ་སྐོ

แชร์
ฝัง
  • เผยแพร่เมื่อ 24 ส.ค. 2024
  • གསུང་བཤད་པ། གདན་ས་ཐེག་མཆོག་རྣམ་གྲོལ་གླིང་གི་སློབ་དཔོན་ཚུལ་ཁྲིམས་འགྱུར་མེད་མཆོག
    གཙོ་སྐྱོང་བ། གདན་ས་ཐེག་མཆོག་རྣམ་གྲོལ་གླིང་གི་མཁན་པོ་སངས་རྒྱས་བསྟན་འཛིན་མཆོག
    གོ་སྒྲིག་པ། དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས་ཀྱི་སློབ་གཉེར་ལྷན་ཚོགས།

ความคิดเห็น • 45

  • @tenzinthutop1228
    @tenzinthutop1228 3 ปีที่แล้ว +4

    We tibetans hav to be so proud,such rich philisophycal lineage,feel prod without biase,five doctrines of tibet is brother

  • @Beojang-rm8es
    @Beojang-rm8es 2 วันที่ผ่านมา

    ལས་དང་རྒྱུ་འབྲས་མི་སླུ་ཡིན་པས་ན། །མི་འགོ་འཁོར་ཡང་ལས་འབྲས་འགོ་མི་འཁོར། །ཡུལ་སྲོལ་གྲངས་པ་ཚད་མའི་གྲགས་པ་མིན། །ཡུལ་སྲོལ་བཟང་ངན་ཚད་མའི་བཟང་ངན་མིན། །གོམས་པའི་གཙང་རྩོག་དགེ་སྡིག་བཟང་ངན་མིན། །བདག་འཛིན་རྒྱུ་ལས་འབྲས་བུ་སྔུག་བསྔལ་སྐྱེད། བདག་མེད་རྟོགས་པས་གྲོལ་བ་ཐོབ་པ་འདི། །ཡུལ་སྲོལ་གོམས་པས་བཟང་ངན་སོང་བ་མིན། །རྒྱུ་མི་འདྲ་ལས་རྣམ་འགྱུར་སོ་སོར་ཡིན། །ཡུལ་དུས་གང་དུ་གནོད་པ་ཡོད་མ་ཡིན། །བདག་འཛིན་ཅན་ལ་སངས་རྒྱས་མིང་བཏགས་ནས། །ལྷ་ལྟར་བཀུར་བ་འཛམ་གླིང་གང་སར་མཆིས། །དེ་ལ་ནུས་པ་ཆེ་རབས་རྫོགས་མེད་བཤད། །དེ་ལ་མཆོད་དང་བསྟོད་པ་བྱས་གྱུར་ནས། །ཐབས་ཅད་བློས་བཏང་བྱེད་པའང་གང་སར་མཆིས། །ཡུལ་སྲོལ་གྲགས་ཙམ་ཚད་མ་ཡིན་གྱུར་ན། །དེ་དག་སངས་རྒྱས་ངོ་མ་ཡིན་དགོས་ཀྱང། །བདག་འཛིན་ཟེར་བ་གང་ཡིན་མི་ཤེས་བརྡ། །འཁོར་བ་ཟེར་བ་གང་ཡིན་ཆ་མེད་བརྡ། །འཁོར་བའི་ཆོས་ལ་དག་པར་བཅོས་གྱུར་ནས། །བཟང་ངན་མི་རྩི་རང་དགར་སྤྱོད་ཚུལ་འདི། །དེང་གི་དུས་ན་གང་སར་མཐོང་རྒྱུ་འདུག །དེ་ཙམ་གསང་སྔགས་དག་པར་སྒོམ་ཚུལ་མིན།

  • @Beojang-rm8es
    @Beojang-rm8es 21 วันที่ผ่านมา

    དང་པོ་གཞི་གཏན་ལ་འབེབས་དུས་ཆོས་ཉིད་ཀྱིས་ཆོས་ཅན་འགོག །ཆོས་ཅན་གྱིས་ཆོས་ཉིད་འགོག །གཉིས་པ་ལམ་ཉམས་སུ་ལེན་དུས་ཐབས་ཀྱིས་ཤེས་རབ་འགོག །ཤེས་རབ་ཀྱིས་ཐབས་འགོག །མཉམ་བཞག་གིས་རྗེས་ཐོབ་འགོག། རྗེས་ཐོབ་ཀྱིས་མཉམ་གཞག་འགོག །མཉམ་བཞག་ཉམས་ལེན་གྱིས་རྗེས་ཐོབ་ཀྱི་བྱ་བྱེད་འགོག་པར་བྱེད། རྗེས་ཐོབ་ཀྱི་བྱ་བྱེད་ཀྱིས་མཉམ་བཞག་འགོག་པར་བྱས་ནས་གཞི་ལམ་གང་གི་སྐབས་ཕན་ཚུན་གནོད་བྱ་གནོད་བྱེད་དུ་འགྲོ་བའི་གླང་ཆེན་གྱི་ཁྲོས་འདྲར་འགྱུར་བ་ཡིན། མཐའ་མ་སངས་རྒྱས་དུས་སྐུ་གཉིས་དང། སྟོབས་བཅུ་སོགས་ཀྱི་ཡོན་ཏན་གང་ཡང་བཤད་རྒྱུ་མེད་པར་མི་དམིགས་པར་འགྱུར་འགྲོ་བ་ཡིན་པར་གསལ་པོ་རེད། ཇི་ལྟར་བཤད་རུང་འབྲས་བུ་སངས་རྒྱས་དང། ལམ་ཐབས་ཤེས་གཉིས། གཞི་བདེན་གཉིས་ཟུང་འཇུག་བློ་བདེ་ངོ་ཤེས་པ་ཞིག་འདུག་གམ་མི་འདུག། །དྲི་བ་འདི་ལ་ལན་ངོ་མ་ཞིག་འཐད་དམ། །

  • @chophellama5186
    @chophellama5186 2 ปีที่แล้ว +3

    ཡག་ཁི་ཡག་ཁི། སློབ་དཔོན་ཚུལ་ཁྲིམས་ལགས།

  • @jigmetangmo1789
    @jigmetangmo1789 2 ปีที่แล้ว +2

    Thank you so much for upload.,.... ,,🙏🙏

  • @Beojang-rm8es
    @Beojang-rm8es 21 วันที่ผ่านมา

    ལྟ་བ་མཐོ་དགོས་སྣང་ཤར་ནས་རང་གིས་ཅི་ཞིག་བཤད་ཀྱི་ཡོད་པ་ཡང་མི་ཤེས། ཡེ་ནས་ཡོད་མ་མྱོང་ན། འཁོར་མྱོང་མཁན་སུ་ཡང་མེད་པས་སྙིང་རྗེ་དགོས་དོན་ཅི་དགོས། ལྟ་བ་ཡང་དག་དང། མི་དག་གི་རྣམ་པར་བཞག་པས་ཅི་བྱ། བཟང་ངན་གང་ཡང་ཡོད་མ་མྱོང་བས་རི་བོང་རྭ་འཁོར་བར་འཁོར་དོགས་ཀྱིས་སྙིང་རྗེ་མི་དགོས་པར་བཞིན་རེད། རྗེ་མི་ལས་སྟོང་ཉིད་རྒྱུ་འབྲས་སུ་མ་ཤར་ན་ཁ་སྟོང་ཡིན་གསུངས་པ་རེད། ཁྱེད་ཀྱི་སྟོང་ཉིད་དེ་ངེས་ཤེས་ཇེ་ཆེར་སོང་ན་ལས་འབྲས་ཡོད་མ་མྱོང་བ་ཆགས་འགྲོ་བས་ལས་འབྲས་ལ་ཡིད་ཇེ་ཆས་དང། སྙིང་རྗེ་ཆེ་རུ་འགྲོ་རྒྱུ་ཨེ་འགི་རང་སེམས་ནང་བཀུག་ནས་ལྟས་ན་ཤེས། སྔ་འགྱུར་སྙིང་མའི་ལྟ་བ་ཡང་འདི་ལྟར་རྩ་ནས་མིན་རྟ
    ཏེ། འཇུ་མི་ཕམ་པས། སྣང་བ་ཙམ་འགོག་པའི་དབུ་མ་པ་སུ་ཡང་མི་སྲིད་དོ་ཞེས་དང། སངས་རྒྱས་ལ་ཡང་དག་གཟིགས་ཀྱི་སྣང་བ་དང་ཚད་པ་གསུངས་པས་སོ། ཁྱེད་རང་ལྟར་ན་རི་བོང་རྭ་མེད་པར་ངེས་ཡོད་དུས་རི་བོང་རྭ་ལ་སྙིང་རྗེ་ཆེ་རུ་འགྲོ་རྒྱུ་འདུག །རི་བོང་རྭ་ཡི་ལས་འབྲས་ལ་ཡིད་ཇེ་ཆས་འགྲོ་རྒྱུ་འདུག་ཟེར་བ་དང་གཅིག་པ་རེད། དེ་ལས་ཧ་ཤང་ལྟར་མི་དགོས་ཟེར་ན་ངོ་མ་གོ་རྒྱུ་ཡོད་པ་ཞིག་རེད། དོན་ལ་རྩ་བ་ནས་ཡོད་མ་མྱོང། དེ་ལྟར་མེད་པར་ཡང་ཤེས། མེད་པར་ཤེས་ཡོང་དུ་ལས་འབྲས་ལ་ཡིད་ཆེ་ཆས་དང། སྙིང་རྗེ་ཆེ་རུ་འགྲོ་རྒྱུ་འདུག་ཟེར་ན་རྣ་བར་འགྲོ་བའི་གཏམ་ཞིག་རེད་དམ་མ་རེད། རང་གིས་བཤད་པར་རང་གིས་་ཉན་ནས་བསམ་ན་ཤེས། མ་གཞི་འཚམ་འཚམ་རིགས་པ་ནང་དུ་རང་འགོ་འཁོར་འགྲོ་བ་ཡང་ཡོང་གི་རེད།

  • @kuenganamgay6410
    @kuenganamgay6410 7 หลายเดือนก่อน +1

    རྒན'ཚུལ'ཁྲིམས'👍🏻👍🏻👍🏻👍🏻👍🏻👍🏻👍🏻👍🏻👍🏻

  • @pminkponcharoen9469
    @pminkponcharoen9469 ปีที่แล้ว +1

    NamoBuddhaya🙏🙏🙏
    Sadhu🙏🙏🙏

  • @Beojang-rm8es
    @Beojang-rm8es 21 วันที่ผ่านมา

    ལུང་དང་ཁུངས་མང་ཆེ་བ་ཏག་ཏག་ཅིག་མི་འདུག །དཔེར་ན། མཇུག་འགྲེལ་ནང་གི་ལུང་ལྟ་བུ་ལ་མཚོན་ན། "ཚུལ་འདི་དེ་རྣམ་པ་བདུན་དུ་བཙལ་བ་ན། དོན་དམ་པ་དང་ཀུན་རྫོབ་ཏུ་ཤིང་རྟ་འགྲུབ་པར་མི་འགྱུར་མོད་ཀྱི། དེ་ལྟར་ན་ཡང་འདི་ནི་རྣམ་པར་དཔྱད་པ་སྤངས་ཏེ། སྔོན་པོ་དང་ཚོར་བ་ལ་སོགས་པ་ལྟར་འཇིག་རྟེན་ཉིད་ལས་འཕང་ལོ་ལ་སོགས་པ་ཡན་ལག་རྣམས་ལ་བརྟེན་ནས་འདོགས་པ་ཡིན་ནོ། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་ཁས་བླངས་པ་ལྟར་བརྟེན་ནས་བརྟགས་པ་ཁས་བླངས་པའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་འཇིག་རྟེན་གྱི་ཐ་སྙད་ཆད་པར་ཐལ་བ་མི་འགྱུར་རོ།"ལུང་གི་ནང་དུ་ཁ་གསལ་པོར་བྱས་ནས་རྣམ་པར་བདུན་གྱིས་བཙལ་ན་མི་འགྲུབ་ཀྱང་ཐ་སྙད་དུ་ཡོད་པར་འཇོག་ཐུབ་གསུངས་འདུག་པ་ལས་རྣམ་པ་བདུན་གྱིས་བཙལ་ན་ཞིག་འགྲོ་ཡི་རེད་ཟེར་བ་ཞིག་ལོ་བརྒྱར་བཙལ་ཡང་མི་རྙེད། རྣམ་པ་བདུན་གྱིས་མ་གྲུབ་པས་མེད་པར་ཡིན། ཁོ་བོ་ཅག་གི་ལུགས་ལ་མེད་པར་ཡིན་ཞེས་ལན་ལན་མ་བཏབ་པར་དེ་ལས་ཟློག་ནས་རྣམ་པ་བདུན་གྱིས་མ་འགྲུབ་ཀྱང་ཐ་སྙད་དུ་ཡོད་ཅེས་ལན་གསལ་ཐིང་ཐིང་གནང་འདུག །གལ་སྲིད་རྣམ་པ་བདུན་གྱིས་མ་འགྲུབ་པ་དེས་ཤིང་རྟ་མེད་པར་གྲུབ་པ་ཡིན་ན་དཔལ་ལྡན་ཟླ་བས་ཕ་རོལ་པོ་ལ་ལན་ཐེབས་མེད་པ་རེད། གང་ཡིན་ཟེར་ན་རྣམ་པ་བདུན་གྱིས་མི་འགྲུབ་པ་དེས་མེད་པར་རྙེད་ན་མེད་པར་ཡིན་པར་ཐལ་ཟེར་ན།། ཐད་ཀར་ཐལ་བ་ལ་མེད་པར་ཡིན་པ་འདོད་ཟེར་དགོས་པ་ལས། ཡང་ཐ་སྙད་དུ་ཡོད་པའི་ལན་གྱི་ཅི་ཡང་མི་ཕན་ཏེ། ། རྣམ་པ་བདུན་གྱིས་མེད་པར་རྙེད་པས་མེད་པ་ཡིན་པར་འདོད་ཅེས་ཐད་ཀར་འདོད་ལན་བཏབ་དགོས་པས་རྣམ་པར་བདུན་གྱིས་མེད་པར་རྙེད་པ་དེ་དང་མེད་པར་ཡིན་པའི་བར་ལ་འགལ་སྤོང་དགོས་པ་གང་ཡང་མེད་ཕྱིར། འགལ་སྤོང་མི་དགོས་ཏེ་ཐ་རྙེད་དུ་ཡོད་པ་དེ་འཁྲུལ་ཤེས་བདེན་འཛིན་ངོར་ཡིན་པས་དེ་མེད་པར་རྙེད་དགོས་པ་དང། དེ་ལ་གནོད་དགོས་པས་དེ་དང་འགལ་ན་འགལ་དགོས་རྒྱུ་ལས་་ཐ་སྙད་དུ་ཡོད་པའི་སྐྱོན་སྤོང་དགོས་པ་མེད་པའི་ཕྱིར་རོ། ་། མེད་པར་རྙེད་པ་དེ་ལྟར་མེད་པར་ཡིན་པར་་འདོད་ཟེར་ནས་ཐག་གཙང་བཅད་དགོས་པའི་ཕྱིར་རོ། ཁྱེད་ཅག་ལྟར་ན་དཔལ་ལྡན་ཟླ་བ་དེ་འགལ་སྤོང་ཟེར་བ་གང་ཞིག་ཡིན་མ་ཤེས་པའི་སར་བསྐྱལ་སོང་བ་མ་ཡིན་ནམ། དཔེར་ན་མི་ཞིག་གིས་རི་བོང་རྭ་མེད་ན་ངས་མཐོང་བ་འདི་ཅི་རེད་ཟེར་ན། དེ་མེད་བཞིན་སྣང་བ་རེད་ཟེར་ནས་མེད་པ་ཡིན་ལུགས་སྟེང་ནས་ཐག་བཅད་ནས་སྒྲུབ་དགོས་པ་ལས་དེ་ཡི་འགལ་སྤོང་ལ་ཁྱོང་རང་གིས་ཡོད་པར་མཐོང་བ་དེ་ཡང་འཐད། ངས་མེད་པར་མཐོང་བ་དེ་ཡང་འཐད་ཟེར་ན་ལན་ནམ་ཡང་ཐེབས་མེད་པར་གསལ་པོར་མ་ཡིན་ནམ། རྣམ་པ་བདུན་གྱིས་ཤིང་རྟ་མ་རྙེད་པ་དང། དེས་གཞིག་པ་གཉིས་ཁྱད་ཧ་ཅང་ཆེ་བ་དང། དཔེར་ན་མི་ཞིག་གིས་གཞི་དེ་མ་རྙེད་པ་དང། མི་ཞིག་གིས་གཞི་དེ་མེད་པར་རྙེད་པ་སོགས་ལ་ཁྱད་པར་གནམ་དང་ས་ཡི་ཁྱད་པར་ཡོད་པ་ཡིན། དཔལ་ལྡན་ཟླ་བས་ཚིག་ཟིན་ལ། རྣམ་པ་བདུན་གྱིས་ཤིང་ལྟ་མི་འགྲུབ་པ་དང། རྣམ་པ་བདུན་གྱིས་བཙལ་ན་མི་འཐད་པ་དང། རྣམ་པར་བདུན་གྱིས་ཡོད་པར་མི་རྙེད་པ་ཟེར་བ་ཙམ་ལས་རྣམ་པར་བདུན་གྱིས་མེད་པར་རྙེད་ཟེར་བ་ཞིག་གཏན་ནས་མེད་དོ་། རྣམ་བདུན་གྱིས་བཙལ་ན་མ་རྙེད་ཞེས་པ་ནི་རྣམ་པར་བདུན་དུ་མ་རྙེད་པ་ལས་གཞན་ཡོད་དང་མེད་གང་ཡང་ཚིག་ཟིན་ལ་མི་གོ་ལ། བདེན་འཛིན་ལྷན་སྐྱེས་དང་ཀུན་བརྟག་སོགས་ཀྱི་འཛིན་ཚུལ་དེ་ལྟར་དུ་གྲུབ་པ་ལ་ནི་རྣམ་པ་བདུན་གྱིས་བཙལ་ན་གནོད་པ་དང། བུམ་པ་ཐ་སྙད་བཏགས་པ་ཙམ་གྱི་ཀུན་རྫོབ་ལ་རྣམ་པ་བདུན་དུ་བཙལ་བས་མི་གནོད་པ་དང་རྣམ་པ་བདུན་གྱིས་མེད་པར་མི་རྙེད་པ་སོགས་ཡིན་ནོ། བདེན་འཛིན་གྱིས་འཛིན་ཚུལ་ལྟར་གྲུབ་ན་བདུན་པོ་གང་རུང་ལས་མ་འདས་པས་བདུན་དུ་བཙལ་བ་ནི་ཤར་ལ་ཡོད་པ་ཞིག་ལྷོ་ཕྱོགས་སུ་བཙལ་བ་ལྟར་དགོས་མེད་འབྲེལ་མེད་ཡང་མིན་ལ། རྣམ་པ་བདུན་གྱིས་མེད་པར་རྙེད་པ་ནི་ཡོད་ན་རྣམ་པར་བདུན་དུ་ངེས་པ་ལས་དེ་བདུན་དུ་མ་གྲུབ་པའི་རྒྱུ་མཚན་ལས་མེད་པར་ཐག་ཆོད་པ་ཞིག་ཡིན། དཔེར་ན་ཚད་མས་མ་དམིགས་པའི་རྟགས་ལས་མེད་པར་རྙེད་པ་ལྟར་རོ།

  • @Beojang-rm8es
    @Beojang-rm8es 21 วันที่ผ่านมา

    ཐ་སྙད་པའི་ཤེས་པ་ལ་གྲགས་ཟེར་བ་དེ། གང་ཟག་རང་ཉིད་ལ་ལྷན་སྐྱེས་ཀྱི་བློ་ལ་སྣང་རྒྱུ་ཡོད་པ་འཆར་རྒྱུ་ཡོད་པ་ཞིག་ལ་ཟེར་བ་ཡིན་པ་ལས། མི་ཐམས་ཅད་ལ་སྣང་གི་འདུག་གམ། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་སྣང་གི་འདུག་གམ་ལྟ་འགྲོ་བ་མིན། རྒྱུ་མཚན་གང་ཡིན་ཟེར་ན་གང་ཟག་སུ་འདྲ་ཞིག་ཡིན་ཡང་རང་གི་སྣང་བ་འཆར་བ་དེ་ནས་ཡོད་དང་མེད་ཟེར་ནས་དཔྱད་དགོས་པ་ལས། རང་ལ་སྣང་བ་འཆར་རྒྱུ་མེད་ན་ཡོད་མེད་ཀྱི་གཞི་གང་ཡང་མེད་འགྲོ་བ་ཡིན་པས་འཇིག་རྟེན་གྱི་ཁམས་གཞན་གོ་རིག་ཚོར་རིག་གི་གཞི་རྩ་ནས་མེད་པ་ཞིག་ལ་རང་ཉིད་ཀྱིས་ཡོད་དམ་མེད་དཔྱད་ན་ངེས་ཤེས་རྙེད་རྒྱུ་མེད་པས། དེ་འདྲ་མ་ཡིན་པར་རང་ལ་མྱོང་རྒྱུ་དང་ཚོར་རྒྱུ་ཡོད་དགོས་པས། ཐ་སྙད་པའི་ཚད་མ་ལ་གྲགས་པ་ཟེར་བ་ཡིན། འདིར་ཐ་སྙད་པའི་ཤེས་པ་ལ་སྣང་ཞིང་མྱོང་བ་ལ་གོ་བ་ཡིན། དེ་བཞིན་ཚད་མ་གཞན་གྱི་མི་གནོད་པ་ཟེར་བ་དེ་རང་རང་གིསམྱོང་ཞིང་ཚོར་རྒྱུ་ཡོད་པ་དེ་ལ། རང་གིས་ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་པ་ལ་ཟེར་དགོས་པ་ལས། མི་གཞན་ཞིག་གི་ཚད་མས་རང་གི་འཁྲུལ་ཤེས་ལ་གནོད་མི་སྲིད། སངས་རྒྱས་ཀྱི་བདེན་མེད་རྟོགས་ཀྱང། དེས་ང་རང་ཚོའི་བདེན་འཛིན་ལ་གནོད་མི་སྲིད། དེ་ལ་གནོད་པ་ལ་རང་གི་རྒྱུད་ཀྱི་ཚད་མས་དེ་མེད་པར་ངེས་ཤེས་རྙེད་དགོས་པ་ཡིན། དེ་བཞིན་དུ་རང་གི་སྣང་བ་དང་མྱོང་བ་འདི་ཡོད་དམ་མེད་ཟེར་ནས་དཔྱད་ཡོང་དུས་རང་གི་ཚད་མ་གཞན་གྱིས་གནོད་མིན་ལྟ་དགོས་པ་ལས། རྒྱུད་ཐ་དད་པ་ཞིག་གི་ཚད་མས་རང་ལ་ངེས་ཤེས་རྙེད་མི་སྲིད། དཔེར་ན། ལག་པ་ནང་ཟིན་སྡོད་པ་འདི་མེ་ཡིན་སྙམ་ནས་ཐག་བཅད་སྡོད་པ་ལྟ་བུ་ཞིག་ཤིང་ལ་གཏུགས། ཇ་བཀོལ་བ་སོགས་བྱས་ནས་རང་གི་རྒྱུད་ཀྱི་ཚད་མས་ངེས་ཤེས་རྙེད་དགོས་པ་ལས་འཇིག་རྟེན་ཁམས་གཞན་དང་རྒྱུད་གཞན་རྒྱུད་ཐ་དད་ཞིག་གིས་གང་མྱོང་བ་དེ་ཙམ་ལས་རང་ལ་ངེས་ཤེས་རྙེད་མི་སྲིད། མེ་དེ་ཤིང་སྲེག་འགྲིག་པ་ལས་རྡོ་སྲེག་མི་དགོས། ཤིག་སྲེག་ན་སྲེག་པ་འཇོག་ཐུབ། ལས་སྟོབས་ཅན་གྱི་ལྷ་མི་ཡི་དྭགས་གསུམ་གྱིས་ལྟ་བའི་ཚེ། ལས་སྟོབས་ཅན་ལྷན་གཅིག་བྱེད་རྐྱེན་དང། ཆུ་རྡུལ་ཕྲ་མོ་ཙམ་ཡང་ཉེར་ལེན་བྱས་པ་ལས་ཕོར་པ་གསུམ་གྲུབ་ཐུབ་པ་ཡིན་པས། གནས་དེར་རྒྱུ་རྐྱེན་ཚོགས་པ་ལས་ཕོར་པ་གསུམ་གྲུབ་ཡོད་པ་ལས་གང་རི་སྔོན་པོ་མཐོང་བ་དང། སངས་རྒྱས་ལ་སྐྱོན་མཐོང་བ་དང། ཆགས་པས་ཡིད་འོང་མཐོང་བ་སོགས་ནི་མེད་བཞིན་འཁྲུལ་སྣང་ཡིན་ནོ། ནས་རྡོག་པོ་གཅིག་ཉེར་ལེན་བྱས་ནས། འབྱུང་གཞི་ལྷན་གཅིག་བྱེད་རྐྱེན་བྱས་པ་ལས་ནས་འབྲུ་བརྒྱ་དང། ཤིང་འབྲས་སྲེག་མ་ཙམ་ལས་ཤིང་སྡོང་ཧ་ཅང་གི་ཆེན་པོ་གྲུབ་པ་སོགས་ལས་རྟེན་འབྲེལ་གྱི་ནུས་པ་བསམ་གྱིས་མི་ཁྱབ་པས་ཀྱང་ཤེས་ནུས། རྒྱུ་ཚང་ན་རྒྱུ་གཅིག་དང་ཆུང་ངུ་ལ་ཡང་འབྲས་བུ་གྲངས་མེད་པ་དང། ཧ་ཅང་གི་ཆེན་པོ་ཡང་ཡོང་ཐུབ་པ་ནི་ཕྱི་ཡི་རྒྱུ་འབྲས་ལ་ཡང་མང་བ་ཡིན། དོན་དམ་དཔྱོད་བྱེད་ཀྱི་ཚད་མས་ཀྱང་མི་གནོད་པ་ཟེར་དུས་རང་གི་དོན་དམ་དུ་མེད་པའི་ཚུལ་ལམ་དཔྱད་ཚུལ་དེས་ཆོས་ཅན་དེ་མེད་པར་འགྱུར་མིན་ལྟ་རྒྱུ་དེ་རང་ཡིན་པས་རང་གི་མྱོང་ཐོག་ནས་ཤེས་པ་ཡིན། དེ་སྟེང་ནས་རང་འགྲོ་དགོས་པ་ལས་དེ་ལ་གཡུག་ནས་གཞན་སངས་རྒྱས་ཀྱིས་ཅི་མཐོང་དུ་ཡང་ཤེས་པའི་དུས་མེད། འདི་མ་ཤེས་ན་རང་ལས་རང་གི་ངོ་རྟོགས་ཞེས་པའི་དོན་མི་ཤེས། དགེ་ཆོས་ཡང་གནད་དོན་འདི་ཤེས་མི་འདུག །ཚད་མ་ཟེར་གཞན་དང་དག་པ་ཞིག་གི་སྟེང་ནས་བཙལ་དགོས་སྣང་ཤར་འདུག །དོན་ཅི་ཡང་མ་གྲུབ་པ་དེས་ལས་འབྲས་ལ་ངེས་པར་རྙེད་ཚུལ་ཇི་ལྟར་ཡིན།

  • @sherabtmg9029
    @sherabtmg9029 2 ปีที่แล้ว +1

    I like it

  • @thuptenjdthesky9
    @thuptenjdthesky9 3 ปีที่แล้ว +3

    Thank you so much! From SIS

  • @pongpansuttijitto8576
    @pongpansuttijitto8576 ปีที่แล้ว

    นี่เป็นสภาถกเถียงกันแบบไม่มีมารยาทต่างคนต่างเถียงมีทิฐิสูงทั้งสองฝ่ายไม่ใช่พุทธศาสนาที่ต้องหยุดก่อนภิกขุทั้งหลาย..มันเสรีเกินไปใช้แต่อารมภ์ใส่กันไมยไม่มีนะ

  • @zopa3425
    @zopa3425 3 ปีที่แล้ว +2

    ཡག་པོ་རེད།
    🙏🌷🌷🌷🙏

  • @gangshar5588
    @gangshar5588 3 ปีที่แล้ว +2

    ཡག་པོ་བཤད་ཀྱི་གདའ།

  • @user-db1yu6yl6q
    @user-db1yu6yl6q 4 หลายเดือนก่อน

    སློབ་དཔོན་ལགས་ཧ་ལས་གསུང་སོང་།❤❤❤

  • @redbull7727
    @redbull7727 3 ปีที่แล้ว +1

    དཔེ་ཡག་པོ

  • @lhakpadolma6266
    @lhakpadolma6266 ปีที่แล้ว

    Khenchen Berotsana la Namo.

  • @Thedolpotime
    @Thedolpotime 3 ปีที่แล้ว +1

    ཧང་སང་ཡ་ཡག

  • @user-db1yu6yl6q
    @user-db1yu6yl6q 4 หลายเดือนก่อน

    ❤❤❤

  • @Penjorekarma
    @Penjorekarma 6 หลายเดือนก่อน

    ❤❤❤❤

  • @sherapwoser5187
    @sherapwoser5187 3 ปีที่แล้ว

    རྒན་བླ་བ་ཚེ་རིང་ཤ་ཚཐེག་དམན

  • @thendupchutan7782
    @thendupchutan7782 2 ปีที่แล้ว

    C v

  • @kungatsetso7991
    @kungatsetso7991 3 ปีที่แล้ว