རྒྱུད་འགྲེལ་ཆེན་མོའམ་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་དབུ་འཛུགས་གནང་ཟིན་པས་བརྙན་ཐུང་།
ฝัง
- เผยแพร่เมื่อ 29 ต.ค. 2024
- ༄༅།། གསང་ཆེན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་༧སྐྱབས་རྗེ་མཁན་རིན་པོ་ཆེ་གངས་དཀར་མཆོག་སྤྲུལ་བློ་བཟང་དཀོན་མཆོག་བསྟན་འཛིན་རིན་པོ་ཆེ་མཆོག་གིས། གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་གཞུང་ཆེན་ལ་སློབ་གཉེར་དུ་གདན་ས་ཁག་སོ་སོ་ནས་ཕེབས་པའི་ཆོས་ཐོག་དགེ་བཤེས་དང་དགེ་ཚུལ་དགེ་བཤེས་མ་བཅས་ལ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་ཆེན་མོའམ་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་དབུ་འཛུགས་གནང་ཟིན་པས་རྣམ་པ། ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཆུམས་མདའ་དཔྱིད་ཆོས་ཆེན་མོ་བོད་ཟླ་ ༣ ཚེས་ ༢༦ ནས་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་རྒྱུད་ཕྱི་མ་དང་། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་སྒྲོན་མ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པ། རྗེ་ཙོང་ཁ་པས་མཛད་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ། དཔལ་གསང་བ་འདུས་པའི་དཀའ་བའི་གནད་ཀྱི་མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ་བཅས་གནང་བཞིན་པའི་བརྙན་ཐུང་།