རླུང་སྦྱོར་ལུས་ཁམས་བདེ་སྦྱིན་གཉིས།

แชร์
ฝัง
  • เผยแพร่เมื่อ 1 ต.ค. 2024
  • ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་རྣམ་པ་ལགས། འདིར་རླུང་སྦྱོར་ལུས་ཁམས་བདེ་སྦྱིན་ཞེས་པའི་ལུས་སྦྱོང་དང་རླུང་སྦྱོང་འདི་ཉིད་སློབ་དཔོན་བློ་བཟང་དོན་ལྡན་ལགས་ནས་སློབ་ཁྲིད་གནང་བ། དེ་ཉིད་ཕྲན་ནས་གཟུགས་མཐོང་བརྙན་འཕྲིན་ཐོགས་ཕབ་ལེན་བྱས་ནས་ཟེར་ལྡེར་པར་བསྐྲུན་བྱས་པ་དེ་ཉིད་ལྷག་བསམ་དཀར་བའི་གྲོགས་ནང་ཆེན་བ་རྒྱལ་མཚན་ནསyoutubeནང་མངགས་གཏོང་གནང་འདུག་པས་སྐུ་གཟུགས་བདེ་ཐང་ལ་གཙིགས་སུ་འཛིན་པའི་གྲོགས་པོ་རྣམས་ཀྱིས་གང་མང་བེད་སྤྱོད་གནང་ནས་ཚེ་རིང་ནད་མེད་དང་མི་ཚེ་དོན་ལྡན་ངང་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་མཐུན་རྐྱེན་དུ་འགྱུར་བའི་རེ་སྨོན་ཞུ།། མཁན་མིང་ཚུལ་རྣམ་ནས།།

ความคิดเห็น • 18