ལ་སྟོད་དགོན་ཕུག་ཆོས་སྡེ་དཔལ་ལྡན་རྒྱུད་པ་གྲྭ་ཚང་རྟེན་དང་བརྟེན་པ་ཉམས་གསོ་ལེགས་པར་གྲུབ་པའི་མཛད་སྒོ།

แชร์
ฝัง
  • เผยแพร่เมื่อ 28 มิ.ย. 2024
  • ࿐གླིང་གི་མཆོག་གྱུར་ལྷོ་ཕྱོགས་འཛམ་བུའི་གླིང་། ཁ་བ་ཅན་ཞེས་རྡོ་རྗེ་གདན་གྱི་བྱང་། ལྷ་ཆོས་ར་བ་སྤུ་རྒྱལ་བོད་ཀྱི་ཡུལ། སྤྱན་རས་གཟིགས་དབང་གདུལ་བྱའི་ཞིང་གྱུར་བ། རུ་བཞི་ནང་ནས་ལ་སྟོད་ལྷོ་ཡི་ཁུལ། སྐུ་ཡི་གནས་མཆོག་གནས་ཆེན་རྩེབས་རིའི་ཤར། གསུང་གི་གནས་མཆོག་གནས་ཆེན་ལུང་བཟང་ལྷོ། ཐུགས་ཀྱི་གནས་མཆོག་མཆོད་རྟེན་ཉི་མའི་ནུབ། གནས་གསུམ་གཅིག་བསྡུས་གནས་ཆེན་མཚོ་ཡིས་བྱང་། དཔལ་ལྡན་རྒྱུད་ཀྱི་གདན་ས་འོ་སྐོད་ཕུག ཞེས་ཚད་མའི་ལུང་གི་ཟིན་པའི་འོ་སྐོད་ཕུག་གམ(དགོན་ཕུག་ཆོས་སྡེ་དཔལ་ལྡན་རྒྱུད་པ་གྲྭ་ཚང་)དེ་ཉིད་ཐོག་མའི་བྱུང་རིམ་དང་དེར་མི་ཁྱིམ་སོགས་ཇི་བྱུང་གི་ལོ་བརྒྱུས་ནི། བཀའ་གདམས་ཕ་ཆོས་མ་འོངས་ལུང་བསྟན་ལས། རི་ཟུར་གསུམ་བྲག་གཞུང་གནམ་དུ་མཐོ། མི་ཁྱོད་ཀྱི་བསྟན་པ་འཕེལ་བའི་ས། ཞེས་དངོས་བསྟན་བྲག་སེངྒེའི་འགྱིངས་པའི་མདུན་དང་ཤུགས་བསྟན་དཔལ་དེ་ཉིད་འདུས་པའི་བསྟན་པ་འཕེལ་བའི་བརྟགས་སུ་དགོངས་ཏེ་ཕྱི་ལོ་༡༤༨༠ ནང་བསྟན་པའི་སྦྱིན་བདག་ཆེན་མོ་སྒྲོལ་མ་སྐྱབས་ཀྱིས་བདག་རྐྱེན་མཛད་ནས་དགེ་འདུན་གྲངས་ལྔ་བཅུ་ཙམ་མ་གྲོས་བསམ་པ་གཅིག་མཐུན་གྱིས་འདུས་ཏེ་རྒྱུད་ཀྱི་གདན་ས་འདི་ཉིད་བཙུགས་མཚན་ཡང་ཆོས་འཁོར་ཕུག་དཔལ་ལྡན་རྒྱུད་པ་གྲྭ་ཚང་ཞེས་གསོལ།

ความคิดเห็น • 4

  • @khenrabsonam9870
    @khenrabsonam9870  5 วันที่ผ่านมา

    རང་གི་ཚོར་སྣང་དང་དགོངས་ཚུལ་གསུངས་མཁན་རྣམས་པར་དགའ་བསུ་བཞུ།

  • @user-cz3nd5rx6z
    @user-cz3nd5rx6z วันที่ผ่านมา

    སྤྱིར་བརྙན་ཡག་ཐག་གཅོད་བྱུང་འདུག་་་ཁམས་གཞས་དེ་ལེན་པོ་མི་འདུག་ལ་འབྲེལ་མེད་རེད་འདུག

  • @NgawangSamten-rj7mn
    @NgawangSamten-rj7mn 6 วันที่ผ่านมา

    བརྙན་ཐུང་དེ་་་་་འདི་འདྲའི་ཡག་ག་ལ་་་ བརྙན་དེ་མཇལ་བ་ཙམ་གྱི་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་གཅིག་རང་ཤུགས་ཀྱིས་སྦྱིན་སོང་། སྐབས་དང་དུས་ལ་བསྟུན་མཁས་ཐུབ་ན་དགེ་མཚན་ཆེ་སོང་་་🎉

  • @user-jk6gu8id9h
    @user-jk6gu8id9h 7 วันที่ผ่านมา

    Wow so beautiful place 💐💐💐💐💐🌹🌹🌹🌹