༢༠༢༤ ཚེ་དབང་ལྷ་མོའི་གཞས་གསར། རེ་སྐུལ།

แชร์
ฝัง
  • เผยแพร่เมื่อ 20 เม.ย. 2024
  • རེ་སྐུལ། ཚིག བི་མ་ལ།དབྱངས། ཚེ་དབང་ལྷ་མོ།ལེན་མཁན། ཚེ་དབང་ལྷ་མོ།བསླབ་གསུམ་པད༵་མ༵འི་འདབ་མ་གྲོལ་བ་ལས།།ལེགས་པར་འོངས་བའི་ཤེས༵་རབ༵་ཟེའུ་འབྲུའི་རྒྱུན།།ལུགས་གཉིས་འཛིན་མའི་དཔལ་ལ་མངོན་མཛེས་པ།།མཆེད་གྲོགས་སེམས་ཀྱི་ནོར་བུ་གཤེགས་པས་སྐྱོ།།
    སྔོན་ཞིག་ལྔ་རིག་ཆོས་ཀྱི་ཞིང་ཁམས་ན།།འཇིཊ་མེད་ཆོས་རྗེའི་ཞལ་གསུང་བདུད་རྩིའི་རོ།།ལྷན་ཅིག་རོལ་བའི་སྐལ་བཟང་ཡིད་མཁའ་རུ།།ཤར་ཚེ་སྐྱོ་བའི་སྨུག་སྤྲིན་ཐོལ་གྱིས་ལྡང་།།
    འདི་ན་མགོན་པོ་འོད་མཚན་སྟོང་འབར་བའི།།མཚན་ནས་བརྗོད་སོགས་དགེ་བའི་དངོས་པོ་འགའ།།རྒྱུས་མེད་གཤིན་ཡུལ་འགྲིམས་པའི་མཆེད་པོ་ལ།།བདེ་ལྡན་ཞིང་དུ་ཕེབས་པའི་ཆས་སུ་འབུལ།།
    ཚུལ་འདི་མཐོང་དང་ཐོས་པའི་མཆོག་གསུམ་ལྷ།།དགེ་འདུན་སྡེ་དང་འདྲིས་པའི་གྲོགས་དག་གིས།།རྣམ་དཀར་དངོས་པོ་ཅི་དང་ཅི་འབྱོར་ཡང་།།སྦྱིན་པའི་ཕྱག་གིས་སྐྱོངས་ཞེས་ལན་བརྒྱར་ཞུ།།
  • เพลง

ความคิดเห็น •