སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ཉིན་མཁས་དབང་རག་རྡོ་རིན་པོ་ཆེ་མཆོག་ནས་གསུང་བཤད།

แชร์
ฝัง
  • เผยแพร่เมื่อ 4 ม.ค. 2025

ความคิดเห็น • 6

  • @sangyegystso4871
    @sangyegystso4871 หลายเดือนก่อน +1

    རིན་པོ་ཆེ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན།

  • @karmatenzing6408
    @karmatenzing6408 หลายเดือนก่อน +1

    སྙིང ཐག་པ་ནས་ཐུགས་རྫེ་ཆེ་

  • @DipselLhamo-sv2zi
    @DipselLhamo-sv2zi หลายเดือนก่อน +1

    རྒྱལ་བ་མཆོག་གི་ཐུགས་གཏད་སྲས་ཀྱི་ཐུ་བོ་ཆེ།།
    རྒྱལ་བ་ཉིད་ཀྱིས་བཀའ་བསྒོས་ཇི་བཞིན་གཙུག་ཏུ་བཞེས།།
    རྒྱལ་བར་ཕུལ་བའི་བླ་མེད་སྒྲུབ་པའི་མཆོད་པ་གང་།།
    བདག་སོགས་ཐ་མལ་པ་ཡི་བློ་ཡི་ཡུལ་ལས་འདས།།
    ཆོས་བརྒྱད་སྤངས་པའི་ཞི་དུལ་ངུར་སྨྲིག་འཆང་བའི་སྐུ།།
    ཆོས་དང་སྲིད་ཀྱི་གནས་ལུགས་ཡང་དག་འཆད་མཁས་གསུང་།།
    ཟབ་རླིང་ཤེས་རབ་བྱམས་བརྩེ་གྲོགས་སུ་བརྟེན་པའི་ཐུགས།།
    རྨད་འབྱུང་ཡོན་ཏན་དྲན་པ་ཙམ་གྱིས་དད་པ་སྐྱེས།།
    སྐུ་ཚེ་ཧྲིལ་པོ་མི་རིགས་དོན་དུ་མཛད་ཁུར་བསྐྱངས།།
    བཅོལ་ཆུང་ལ་ལས་སྐུར་འདེབས་དྲག་ཆར་འཕངས་ན་ཡང་།།
    འཇིགས་ཞུམ་བྲལ་ལ་དཔའ་མཛངས་བློ་ཡིས་རྨེག་མེད་བཅོམ།།
    གངས་རིའི་ཁྲོད་ན་སློབ་དཔོན་ཁྱེད་ལྟར་བྱོན་སྲིད་དམ།།
    མཁས་བཙུན་བཟང་པོའི་གཏེར་གྱིས་རབ་ཏུ་ཕྱུག།
    དོ་ཟླ་བྲལ་བའི་རྣམ་དཔྱོད་ཟབ་ཅིང་དབལ།།
    ཐུགས་གཤིས་ཞི་ཞིང་དུལ་བའི་ཀུན་སྤྱོད་འཆང་།།
    དོན་དམ་དགེ་འདུན་དཀོན་མཆོག་གང་ཉིད་འདུད།
    འདོད་ཡོན་སྨྱོ་ཆུར་ཞེན་འཛིན་སྤངས་ཏེ་སྤྲང་པོ་འདུལ་འཛིན་ངང་ཚུལ་འཆང་།།
    ལན་དང་གྲགས་པར་གཏན་ནས་མི་རེ་སྒམ་པོའི་ངང་ཚུལ་འགྱུར་མེད་བརྟན།།
    རླབས་ཆེན་མཛད་བཟང་དུ་མ་བསྐྱངས་ཀྱང་ངག་གི་དབང་པོ་ལྐུག་ལྟར་བཞུཌ།།
    འཇིག་རྟེན་ཆོས་བརྒྱད་དུག་ལྟར་སྤངས་པའི་སློབ་དཔོན་བདག་ཉིད་ཆེན་པོར་འདུད།།
    གང་གིས་བོད་དོན་ཕྲག་ཏུ་བཞེས་པའི་མཛད་འཕྲིན་ཉིད།།
    སྐྱེ་བོ་ཕལ་པའི་བསམ་པའི་ཡུལ་ན་ཤོང་དཀའ་མོད།།
    གཟུར་གནས་བློ་ཡིས་ལེགས་པར་དཔྱད་ན་དགའ་དད་འཕེལ།།
    མཚུངས་ཟླ་བྲལ་བའི་སྐྱབས་རྗེ་རིན་པོ་ཆེ་ལ་འདུད།།
    སྤྱི་དོན་རྒྱན་དུ་མཛེས་བྱེད་སྤོབས་པ་དང་།།
    གཞུང་བཟང་གུང་དུ་འདེགས་པའི་ལྷག་བསམ་སྟེ།།
    རྩ་དོན་སྒྲུབ་པའི་རིན་ཆེན་ནོར་བཟང་གཉིས།།
    སློབ་དཔོན་བདག་ཉིད་ཆེན་པོའི་གཤིས་སུ་བརྒྱན།།

  • @Delek2000
    @Delek2000 หลายเดือนก่อน

    Thank you so much for sharing Log Live RingochLa 🙏🙏🙏🙏👌👌👍👍❤️we Love you Ringoche La ❤️ always forever grateful fy our tibetan people 🙏🙏🙏🙏❤️

  • @tenzinchoekey1100
    @tenzinchoekey1100 29 วันที่ผ่านมา

    Thanks a bunch all eminent great intellectuals of Tibet

  • @tenjorden3745
    @tenjorden3745 23 วันที่ผ่านมา

    བོད་ཕུང་ཟང་གདོངས་😅😅