བཀྲ་ཤིས་གེ་སར་གླེང་། གླུ་བ་སྐལ་བཟང་རྣམ་གྲོལ། Tashi Garsa lang

แชร์
ฝัง
  • เผยแพร่เมื่อ 17 ก.ย. 2022
  • ཆོས་རིག་ནོར་གྱི་ཕྱྭ་གཡང་།
    ཚིག ལྡོང་ཡོན་ཏན་རྒྱ་མཚོ།
    དབྱངས། སྐལ་བཟང་རྣམ་གྲོལ།
    ལེན་མཁན། སྐལ་བཟང་རྣམ་གྲོལ།
    བཙན་པོའི་གཉའ་ནས་གནོན་ཞིང་།།
    མངའ་འབངས་བྱམས་ཀྱིས་སྐྱོང་བའི།།
    གེ་སར་ནོར་བུ་དགྲ་འདུལ། །
    དགྲ་བླའི་དཔུང་དུ་བྱོན་ཅིག།
    ཨ་ཕྱུག་གཡང་གི་ར་བར།།
    སྣ་འཛོམས་རིག་གནས་ཕོ་བྲང་།།
    བཀྲ་ཤིས་གེ་སར་གླིང་མཆོག །
    ལྷག་བསམ་མཚོ་ལས་འཁྲུངས་སོང་།།
    བཀྲ་ཤིས་མགོན་པོའི་ཐུགས་བསྐྱེད།།
    གངས་ལ་ཉི་འོད་འཚེར་འདྲ།།
    དགྲ་འདུལ་སེང་ཆེན་འཕྲིན་ལས།།
    ཡང་བསྐྱར་སྤེལ་བ་ངོ་མཚར།།
    གནའ་དེང་རིག་གནས་དར་ཞིང་།།
    རྒྱུ་འབྱོར་ལོངས་སྤྱོད་རྒྱས་ཕྱིར།།
    བཀྲ་ཤིས་གེ་སར་གླིང་བ།།
    མདོ་ཁམས་རྒྱན་དུ་བསྐྲུན་སོང་།།
    ནུབ་ཀྱི་འཛུགས་སྐྲུན་རིག་པས།།
    ཤར་ཕྱོགས་ཨ་ཕྱུག་མཛེས་ཡོད།།
    བཀྲ་ཤིས་གེ་སར་ལྷ་ཁང་།།
    ཝེར་མ་དགྱེས་པའི་མཆོད་ཡོན།།
    རིག་མཛོད་རིག་པའི་ཚལ་ན།།
    གཙུག་ལག་བྲག་ལ་བརྩིགས་ཡོད།།
    ཆོས་རིག་ནོར་བུའི་དངོས་གྲུབ།།
    སྐལ་ལྡན་གསོས་སུ་སྨིན་ཡོང་།།
    དཔལ་འབྱོར་ཕྱྭ་གཡང་འགུག་ས།།
    བརྩེ་བའི་སྙིང་གཏམ་གླེང་ས།།
    བཟའ་བཏུང་འོ་མཚོ་འཁྱིལ་ས།།
    བཀྲ་ཤིས་གེ་སར་གླིང་བ། །
    རིགས་ཞེན་མེ་ཏོག་འཁྲུངས་ས།།
    མི་ཚེའི་ཁ་ཕྱོགས་རྙེད་ས།།
    འཛམ་གླིང་འཕེལ་རྒྱས་མཐོང་ས།།
    བཀྲ་ཤིས་གེ་སར་གླིང་བ། །
    ཆོས་རིག་དཔལ་འབྱོར་རྒྱས་ཤོག།
    བསམ་པའི་མཛེས་པ་རྙེད་ཤོག།།
    བྷོ་ཊའི་རླུང་རྟ་མཐོ་ཤོག།
    བཀྲ་ཤིས་ཆར་བ་འབེབ་ཤོག།

ความคิดเห็น •