༄།འབྲི་ལུགས་ཇ་མཆོད་བྱང་ཆུབ་སྙིང་པོའི་གདངས།Melody of offering tea in the Drikung kagyu tradition.

แชร์
ฝัง
  • เผยแพร่เมื่อ 12 ก.ย. 2024
  • ༄༅། །བསྟན་པའི་གསལ་བྱེད་མཁས་དབང་སློབ་ཟུར་མ་ཎི་དཀོན་མཆོག་བསྟན་འཛིན་དབུ་བཞུགས་ཐོག མཁན་རིན་པོ་ཆེ་ཚེ་རིང་ནོར་བུ་མཆོག་དང་། དེ་བཞིན་སྒང་གཡུར་ཤར་གསུམ་དགོན་ཆེན་ཁག་གསུམ་གྱི་དབུ་ཆོས་ཁག་གཅིག་ལྷན་བཞུགས་བཅས། འབྲི་ལུགས་ཇ་མཆོད་བྱང་ཆུབ་སྙིང་པོའི་གདངས་དབྱངས་བརྙན་འཇུག་བྱས་པ་གཤམ་གསལ། །
    In the presence of former Vajra master Ven. Mani Konchok Stanzin, the eminent luminary and great scholar of the Sadhana lineage, Ven Khenpo Tsering Norbu, along with some chief instructor monks from each monastery of Phyang, Lamayuru, and Shachukul, are melodizing of 'Chang-chub sNyingpo' (essence of awakening), the tea offering of the Drikung Kagyu lineage.
    བཀའ་འདྲི་ཞུ་ཡུལ། མཁས་དབང་སློབ་ཟུར་མ་ཎི་དཀོན་མཆོག་བསྟན་འཛིན།
    Interviewee : Ex-vajra master Ven. Mani Konchok Stanzin.
    བཀའ་འདྲི་ཞུ་མཁན། མཁན་པོ་དཀོན་མཆོག་རང་གྲོལ།
    Interviewer: Khenpo Konchok Rangdol.
    བརྙན་པར་འཇུག་ཡུལ། ལ་དྭགས་སྟག་མ་གཅིག་དགོན་པ།།
    Recording place: Ladakh takmachik monastery
    པར་ལེན་པ། སྐུ་ཞབས་བློ་བཟང་དཔལ་ལྡན།
    Videographer : Mr. Lobsang Palden.
    དབྱིན་བསྒྱུར་བ། དགེ་བསྟན་འཛིན་དབང་ཕྱུག
    English translator: Ven. Stanzin Wangchuk.
    ཞུ་སྒྲིག་པ། དགེ་ཤེས་རབ་རྡོ་རྗེ།
    Editor: Ven. Sherab Dorjey.
    བརྙན་པར་འཇུག་ཚེས ཕྱི་ལོ༢༠༢༢ ཟླ༦ ཚེས༡༦ ཉིན།
    Recording date: 16th June, 2022.
    ༄༅། །༼ འབྲི་གུང་བཀའ་བརྒྱུད་ཀྱི་གཏེར་མཛོད། ༽ ཅེས་པའི་དྲྭ་གནས་འདི་བཞིན། གཙོ་བོ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྡེ་ཆེན་མོ་ཡང་རི་སྒར་ཐུབ་བསྟན་སྡེ་བཞི་རབ་རྒྱས་གླིང་གི་ཐུན་མིན་ཆོ་ག་ཕྱག་ལེན་གྱི་ཕྱག་བཞེས་གར་ཐིག་དབྱངས་གསུམ། འབུད་རྡུང་དཀྲོལ་གསུམ་གྱིས་མཚོན་པའི་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྣམས། མི་ཉམས་རྒྱུད་འཛིན་སླད་ཁུངས་གཏུགས་མིག་དཔེར་བལྟ་འོས་པའི་རྒན་གྲས་མཁས་དབང་རྣམ་པའི་དྲུང་ནས་གཟུགས་མཐོང་བརྙན་པར་དུ་བཅུག་ཡོད་པས་མི་རབས་གཞོན་པ་ཚོར་ཐུགས་ཕན་གསོས་པའི་བཀྲ་ཤིས་སྨོན་འདུན་ཞུ།། །།
    The 'treasure of Drikung kagyu' channel is mainly for the preservation of ritual practices at "Yang-sgar Sdey-zji Gonpa (a major monastic centre of Drikung kagyu order), which contains mask-dance, mandala, chantings and orchestral music etc. For purity and original reference, we have made the recording of the most senior and exemplary monks. We hereby believe that it will be beneficial for upcoming youths of glorious lineage.
    ལས་གཞི་འདིར་ཕྱག་རོགས་གནང་མཁན་འབྲེལ་ཡོད་ཡོངས་ལ་ང་ཚོས་བཅོས་མིན་གྱི་བཀའ་དྲིན་བླ་མེད་དུ་ཆེ་ཞུ།།
    We sincerely wants to express our 'Thanks' to all the supporters for this noble project.

ความคิดเห็น •