བྱ་དགའ་ལེགས་སྐྱེས་གསོལ་སྩལ་དང་སློབ་ཕྲུག་རྣམ་ལ་ཤེས་ཡོན་ལག་བསྟར་གནང་ཕྱོགས་ཀྱི་ལམ་སྟོན་བཀའ་སློབ།
ฝัง
- เผยแพร่เมื่อ 29 ต.ค. 2024
- ཕྱི་ལོ་༢༠༢༣ ཟླ ༡༢ ཚེས ༦ ཉིན་གསང་ཆེན་རིག་འཛིན་གྱི་སྡེ་ཆེན་པོ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཞི་རིམ་སློབ་གྲྭའི་སློབ་གཉེར་ཁང་དུ། །དགེ་བསྐོས་ལགས་དང། ཤེས་ཡོན་འགན་འཛིན་ཕྱག་མཛོད་བཅས་དབུ་བཞུགས་ཐོག གཞི་རིམ་སློབ་གྲྭའི་སྔོན་འགྲོ་དང་པོ་ནས་གཞི་རིམ་འཛིན་གྲྭ་དྲུག་པའི་བར་གྱི་ལོ་འཁོར་རྒྱུགས་སྤྲོད་ཨང་རིམ་དང་པོ་གཉིས་པ་གསུམ་ལ་བྱ་དགའ་ལེགས་སྐྱེས་གསོལ་སྩལ་གནང་། དགེ་བསྐོས་ལགས་དང། ཤེས་ཡོན་འགན་འཛིན་ཕྱག་མཛོད་བཅས་ཏེ་འཛིན་གྲྭའི་དགེ་རྒན་རྣམ་པ་ཐུགས་རྗེ་ལེགས་གསོལ་དང་།སློབ་ཕྲུག་རྣམ་ལ་ཤེས་ཡོན་ལག་བསྟར་གནང་ཕྱོགས་ཀྱི་ལམ་སྟོན་བཀའ་སློབ་དང་སློབ་ཕྲུག་སོ་སོའི་ཤག་གི་རྒན་བཅས་མཉམ་འཛོམས་ཐོག་མཛད་སྒོ་ལེགས་པར་གྲུབ་ཟིན་པའི་བརྙན།