ཕུ་ཡི་གངས་དཀར་མཐོང་ཚེ། PHUYI GANGKAR THONGTSE

แชร์
ฝัง
  • เผยแพร่เมื่อ 3 พ.ย. 2023
  • Canberra's Bhutanese community presented a captivating performance of the song dance in honour of Khenchen Katayana's visit. The lyric was composed by Bhutan's 70th Je Khenpo Tulku Jigme Chhoeda. The dancing and traditional music together effectively captured Bhutan's rich cultural and spiritual legacy, despite the song's temporal constraints.
    འབྲུག་གི་སྐྱབས་རྗེ་ ཁྲི་རབས་བདུན་ཅུ་པ་རྡོ་རྗེ་འཆང་ འཇིགས་མེད་ཆོས་ཀྱི་གྲགས་པའི་གསུང་རྩོམ།།
    ཕུ་ཡི་གངས་དཀར་མཐོང་ཚེ།།མཚན་ལྡན་བླ་མ་དྲན་བྱུང་།།
    མོས་གུས་ཉི་མ་ཤར་ན།།བྱིན་རླབས་ཆུ་རྒྱུན་འབེབས་ཡོང་།།
    མོས་གུས་ཉི་མ་ཤར་ན།།བྱིན་རླབས་ཆུ་རྒྱུན་འབེབས་ཡོང་།།
    མདའ་ཡི་གཡུ་མཚོ་སྔོན་མོ།།བྱམས་ལྡན་ཕ་མར་ཤེས་བྱུང་།།
    རང་ལུས་གསེར་མིག་ཉ་མོ།།གཞན་ལ་འཁོར་ས་མི་འདུག།
    རང་ལུས་གསེར་མིག་ཉ་མོ།།གཞན་ལ་འཁོར་ས་མི་འདུག
    རང་ལུས་གསེར་མིག་ཉ་མོ།།གཞན་ལ་འཁོར་ས་མི་འདུག།
    སེམས་ཉིད་ཨ་མའི་ཞལ་རས།།མཐོང་ཡང་རང་ངོ་མ་ཤེས།།
    བུ་ཆུང་འཁྲུལ་པའི་གསེབ་ཏུ།།དབང་མེད་འཁོར་བར་འཁྱམས་སོང་།།
    བུ་ཆུང་འཁྲུལ་པའི་གསེབ་ཏུ།།དབང་མེད་འཁོར་བར་འཁྱམས་སོང་།།
    ཀ་དག་ཆོས་སྐུའི་ཁྲི་ལ།།ང་ཡི་མེས་པོ་བཞུགས་ཡོད།།
    མེས་པོ་ཀུན་ཏུ་བཟང་པོས།།ཤེས་མེད་བུ་ཆུང་ང་ལ།།
    མེས་པོ་ཀུན་ཏུ་བཟང་པོས།།ཤེས་མེད་བུ་ཆུང་ང་ལ།།
    བརྩེ་ཆེན་ཐུགས་རྗེའི་ཕོ་ཉར།།མ་བུ་ལྷན་ཞལ་འཛོམས་པའི།།
    ཆོས་ཉིད་གནམ་གྱི་བཀའ་ལུང་།།ད་ལྟ་ཕེབས་ན་དགའ་བ།།
    ཆོས་ཉིད་གནམ་གྱི་བཀའ་ལུང་།།ད་ལྟ་ཕེབས་ན་དགའ་བ།།
    སྟོང་གསལ་ཡིད་འོང་གཞོན་ནུ།།གཏན་གྱི་གྲོགས་སུ་ཁུག་ཀྱང་།།
    གཉིས་འཛིན་སེམས་ཀྱི་ཕྲ་མས།།འགྲོགས་པའི་སྐལ་བ་མ་བྱུང་།།
    གཉིས་འཛིན་སེམས་ཀྱི་ཕྲ་མས།།འགྲོགས་པའི་སྐལ་བ་མ་བྱུང་།།
    གཉིས་འཛིན་སེམས་ཀྱི་ཕྲ་མས།།འགྲོགས་པའི་སྐལ་བ་མ་བྱུང་།།
    བསླུ་འདྲིད་སྒྱུ་མའི་གྲོགས་པོ།།འཁོར་བའི་འཕྲང་ལ་མི་ཕན།།
    ང་ལ་སྐྱོ་རོགས་སུ་ཡོད།།སྤྱན་རས་གཟིགས་རང་མཁྱེན་ནོ།།
    ང་ལ་སྐྱོ་རོགས་སུ་ཡོད།།སྤྱན་རས་གཟིགས་རང་མཁྱེན་ནོ།།
    རྣམ་དག་ཚུལ་ཁྲིམས་གོས་བཟང་།།རང་གི་ལུས་ལ་གྱོན་ཚེ།།
    མི་གཙང་འཆལ་བའི་དྲི་མ།།དྲན་ཤེས་མ་མས་བསལ་རོགས།།
    མི་གཙང་འཆལ་བའི་དྲི་མ།།དྲན་ཤེས་མ་མས་བསལ་རོགས།།
    མ་རིག་ལས་དབང་བཙན་པོས།།བསྐོས་ཚུལ་འདི་ལ་གཟིགས་དང་།།
    སྒྱུ་མའི་ཐང་ལ་འཁྱམས་ནས།།སྐྱིད་པའི་ཡུལ་དང་བྲལ་བྱུང་།།
    སྒྱུ་མའི་ཐང་ལ་འཁྱམས་ནས།།སྐྱིད་པའི་ཡུལ་དང་བྲལ་བྱུང་།།
    ང་ཡི་གཏན་གྱི་ཕ་ཡུལ།།ས་ཕྱོགས་གང་དུ་ཡོད་དམ།།
    འཁྲུལ་པའི་རྨི་ལམ་སད་ན།།ཐག་རིང་རྒྱང་ལ་མེད་འདྲ།།
    འཁྲུལ་པའི་རྨི་ལམ་སད་ན།།ཐག་རིང་རྒྱང་ལ་མེད་འདྲ།།
    འཁྲུལ་པའི་རྨི་ལམ་སད་ན།།ཐག་རིང་རྒྱང་ལ་མེད་འདྲ།།
    དེ་བས་སྙིང་ནས་དྲན་པའི།།གཉུག་མའི་གཏན་ཡུལ་ཕྱོགས་སུ།།
    ཚོགས་གཉིས་ལམ་ལ་ཞུགས་ནས།།ད་ལྟ་ཉིད་དུ་ཆས་འགྲོ།།
    ཚོགས་གཉིས་ལམ་ལ་ཞུགས་ནས།།ད་ལྟ་ཉིད་དུ་ཆས་འགྲོ།།
    འཇིག་རྟེན་ཆུ་ཡི་གཉེར་མ།།བྱས་པའི་ཟད་མཐའ་མི་འདུག།
    རང་སེམས་ཆོས་སྐུར་རྟོགས་ན།།འཁོར་འདས་བྱ་བ་ཟིན་ཡོང་།།
    རང་སེམས་ཆོས་སྐུར་རྟོགས་ན།།འཁོར་འདས་བྱ་བ་ཟིན་ཡོང་།།
    ཆོས་ཉིད་རིགས་ལྡན་ཕོ་མོས།།ཆོས་དོན་གླུ་རུ་ལེན་པས།།
    ཆོས་སྐུར་གྲོལ་བའི་སྨོན་ལམ།།ཆོས་ཉིད་ངང་ནས་ཞུའོ།།
    ཆོས་སྐུར་གྲོལ་བའི་སྨོན་ལམ།།ཆོས་ཉིད་ངང་ནས་ཞུའོ།།
    ཆོས་སྐུར་གྲོལ་བའི་སྨོན་ལམ།།ཆོས་ཉིད་ངང་ནས་ཞུའོ།།
    བཀའ་དྲིན་ཆེ།།
  • เพลง

ความคิดเห็น •