རྒྱུན་ཁྱེར་གཅོད་ལུས་སྦྱིན་བསྡུས་པ | Daily practice Chod puja (body offering puja)

แชร์
ฝัง
  • เผยแพร่เมื่อ 12 ก.ย. 2024

ความคิดเห็น • 20

  • @Thubchokk1245
    @Thubchokk1245 2 หลายเดือนก่อน +1

    Thanks for sharing this for us 🙏🙏🙏❤❤❤🎉🎉🎉

  • @nabinraii
    @nabinraii 4 หลายเดือนก่อน +1

    Ramro lagyo

  • @lobsangyeshi6216
    @lobsangyeshi6216 3 หลายเดือนก่อน +1

    བུ་ཚེ་རིང་་ནད་མེད་་་🎉🎉🎉🎉🎉🎉

  • @dhantamang867
    @dhantamang867 4 หลายเดือนก่อน +1

    Thank you So Much Guru.

  • @tsedubgyatso
    @tsedubgyatso 4 หลายเดือนก่อน

    Please upload the how to Mahakala puja alone video that was really helpful thank you Tashi la 🙏

    • @TashiLamaNubri
      @TashiLamaNubri  4 หลายเดือนก่อน

      I already uploaded mahakala puja alone video please go to my channel watch and like

  • @Dechen-qs1uw
    @Dechen-qs1uw 4 หลายเดือนก่อน +1

    Sir I am from bhutan, can you send me in written, I am interested in learning chod

    • @TashiLamaNubri
      @TashiLamaNubri  4 หลายเดือนก่อน

      ok i will sent you and also i am going to write caption on this video so you can also direct read through this video

    • @TashiLamaNubri
      @TashiLamaNubri  4 หลายเดือนก่อน

      thank you for your sweet comment

    • @TashiLamaNubri
      @TashiLamaNubri  4 หลายเดือนก่อน

      སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །
      བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།
      བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས།།
      འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག
      སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག
      སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག
      སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག་
      ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག
      རྡོ་རྗེ་འཆང་ཆེན་ཏཻ་ལོ་ན་རོ་དང་།
      མར་པ་མི་ལ་ཆོས་རྗེ་སྒམ་པོ་པ།།
      དུས་གསུམ་ཤེས་བྱ་འགྲོ་ཀུན་ཡབ་སྲས་སོགས།།
      བཀའ་རྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །

    • @TashiLamaNubri
      @TashiLamaNubri  4 หลายเดือนก่อน

      ཕཊ: རང་ཉིད་སྐད་ཅིག་གི་ཡུམ་ཆེན་མོ་གསེར་གྱི་མདོག་ཅན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། ཕྱག་བཞིའི་དང་པོས་རྡོ་རྗེ་གླེགས་བམ། འོག་མ་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པར་གྱུར། འབྱུང་པོ་ཕྲན་བུ་ཉམ་ཆུང་བ་རྣམས། མ་སྐྲག་ཅིག མ་སྔངས་ཤིག ཤིན་ཏུ་མ་སྔངས་ཤིག
      ཀྱཻ་ཡ་གི་སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཉོན་ཅིག༜་ འཻ་ཐམས་ཅད་འདིར་འདུས་ཤིག ༜ ཐམས་ཅད་མྱུརདུ་འདུས་ཤིག བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། འཆི་བདག་གི་བདུད། ནད་གདོན་ལུས་གདོན་དྲིན་ཅན་ཕ་མས་ཐོགས་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡུམ་ཆེན་མོའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དམ་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་ཉམས་སུ་བླང་བར་བྱའོ། བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། འཆི་བདག་གི་བདུད། ནད་གདོན་ལུས་གདོན་དྲིན་ཅན་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ། བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ལ་སྐྱབས་སུ་མཆིའོ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆིའོ། རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ། རིགས་གསུམ་གྱི་མགོན་པོ་རྣམས་ལ་སྐྱབས་སུ་མཆིའོ། བླ་མ་རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། བཀའ་བརྒྱུད་པའི་བླ་མ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། དྲིན་ཅན་རྩ་བའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། རང་སེམས་སྟོང་པ་སྐྱེ་བ་མེད་པའི་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ།
      བསྐྱབ་ཏུ་གསོལ། སྐྱབས་འོག་དམ་པ་ན་ཚུད་པར་མཛད་དུ་གསོལ། བདག་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བརྟེན་ནོ། ཆོས་ལ་བརྟེན་ནོ། དགེ་འདུན་ལ་བརྟེན་ནོ།

    • @TashiLamaNubri
      @TashiLamaNubri  4 หลายเดือนก่อน

      སེམས་ཅན་རྣམས་ཀྱི་ལུས་དགེ་བར་གྱུར་ཅིག ངག་དགེ་བར་གྱུར་ཅིག ཡིད་དགེ་བར་གྱུར་ཅིག ནད་རིགས་བཞི་བརྒྱ་རྩ་བཞི་བྱང་བརགྱུར་ཅིག གློ་བུརདགུ་བཅུ་གོ་གཅིག་ལས་ཐར་བར་གྱུར་ཅིག
      ཡེ་འགྲོགས་སུམ་བརྒྱ་དྲུག་ཅུས་མི་ཚུགས་པར་གྱུར་ཅིག བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རང་སར་ཞི་བར་གྱུར་ཅིག རང་སར་དག་པར་གྱུར་ཅིག རང་སར་སྟོང་པར་གྱུར་ཅིག །
      དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། དཀོན་མཆོག་གསུམ་ལ་མཆོད་པ་འབུལ། སྡིག་པ་མི་དགེ་སོ་སོར་བཤགས། འགྲོ་བའི་དགེ་ལ་རྗེས ཡི རང་། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། བྱང་ཆུབ་བར་དུ་སྐྱབས་སུ་མཆི། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ཇི་ལྟར་དུས་གསུམ་མགོན་པོ་རྣམས། ཡང་དག་བྱང་ཆུབ་ངེས་མཛད་པའི། བྱང་ཆུབ་སེམས་ནི་བླ་ན་མེད། དམ་པ་བདག་གིས་བསྐྱེད་པར་བགྱི། བསྐྱེད་པ་རྣམས་ནི་དྲན་པར་བགྱི། དྲན་པ་རྣམས་ནི་རྒྱ་ཆེརགཟུང་། །
      མདུན་གྱི་ནམ་མཁའི་གནས་སུ་དྲིན་ཅན་རྩ་བའི་བླ་མ་དང་མ་གཅིག་ལབ་ཀྱི་སྒྲོན་མ་ཐ་དད་མེད་པ།་སྐུ་མདོག་དཀར་མོ་དུ ང་ཕྱིས་པའིམདོག་ཅན། ཞལ་གཅིག་ཕྱག་གཉིས། གཡས་པས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་བ། གཡོན་པས་དངུལ་དཀར་གྱི་དྲིལ་བུདཀུར་བརྟེན་པ། སྤྱན་གསུམ་བར་སྣང་ལ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་དུ་བཅིངས་ཤིང་ལྷག་མ་སྐུ་རྒྱབ་ཏུ་གྲོལ་བ། སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་གར་སྟབས་ཀྱི་བཞུགས་པ་ལ་བཀའ་བརྒྱུད་ཉམས་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། གཡས་སུ་དམ་པ་སངས་རྒྱས་ལ་ཕ་རྒྱུད་ཐམས་ཀྱི་བརྒྱུད་པས་བསྐོར་བ། གཡོན་དུ་རྗེ་བཙུན་མ་ལྷ་ལྔ་ལ་མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པས་བསྐོར་བ། སྟེང་དུ་བསྟན་པའི་གཙོ་བོ་ལ་གཉིས་མེད་དོན་གྱི་བརྒྱུད་པས་བསྐོར་བ། དེའི་དབུ་ཐོག་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་གྲུབ་ཐོབ་གཅོད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱི་བསྐོར་ནས་བཞུགས་པ། མ་གཅིག་གི་གདན་འོག་ཏུ་སྣང་ཞིང་སྲིད་པའིལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེལན་ཆགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པ།

  • @phuntsokbhutia5936
    @phuntsokbhutia5936 หลายเดือนก่อน

    Very danger don't play like this

    • @TashiLamaNubri
      @TashiLamaNubri  หลายเดือนก่อน

      then you don't need to watch it just leave it