ལྷ་ཡུལ་གྱི་འཆར་སྣང་། མཛེས་སྡུག་གི་ཡུལ་ཤུལ། རིག་གཞུང་གི་སྡེ་ཚན། གཞས། གཏོང་མཁན། ཚེ་རིང་ཆོས་སྒྲོན།

แชร์
ฝัง
  • เผยแพร่เมื่อ 12 ต.ค. 2020
  • གསལ་བཤད། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སོ་སྐྱེ་ནི་གཅིག་ཀྱང་མེད་པས། དགོས་པ་དང་རྒྱུ་མཚན་མ་མཐོང་བ་གཞན་ལ་སྐྱོན་བརྗོད་བྱ་མི་རུང་བའི་གནས་ལུགས་ཡང་དག་ཅིག་ཤེས་པ་བྱས་ཏེ། གཞན་གྱི་གོ་སར་རང་ཉིད་བསྡད་དེ་བསམ་བློ་ནན་གྱིས་གཏོང་དགོས། ང་ཚོས་དྲང་བདེན་མིན་པའི་སྒོ་ནས་གཞན་ལ་སྐྱོན་བརྗོད་བྱེད་པ་ནི་དམ་པའི་ལྷ་ཆོས་དང་། འཇིག་རྟེན་མི་ཆོས་གང་ཡང་མི་མཐུན་པ་མ་ཟད། མི་གཞན་གྱི་སེམས་རྒྱུད་དཀྲུག་པ་དང་། བྱ་གཞག་ལ་གནོད་པ་གཤོམ་པ། རང་ཉིད་ཀྱིས་རང་མཚང་མངོན་པར་བྱས་པ་རེད། དོན་དེ་རྣམས་ཤེས་པ་བྱས་ནས། སྤྲོ་ཞིང་བག་ཕེབས་བ། ཞི་བདེ་འཆམ་མཐུན་ཡོང་བ། ཆབ་དཔལ་རིག་གསུམ་གྱི་སྟོབས་ཤུགས་ཡར་རྒྱས་སུ་གཏོང་བ། ཕུགས་བསམ་མ་བརླག་པར་མདུན་ནས་མདུན་དུ་སྐྱོད་དགོས། མདོར་ན། རང་གི་ལུས་ལ་དཔེ་ལོང་ལ།། གཞན་ལ་གནོད་པ་མ་བྱེད་ཅིག། ཅེས་པའི་སྡོག་ཚིག་གི་གོ་བ་ཟབ་མོ་ཞིག་ལེན་པ་བྱེད་དགོས་སོ།།
    ད་ལྟ་འཛམ་གླིང་འདིར་གནས་པའི་མི་ཡོད་ཚད་ཀྱིས་དྲྭ་རྒྱའི་འཇིག་རྟེན་ཟེར་ནས་དེས་ཁ་་ལོ་བསྒྱུར་བཞིན་པའི་སྒང་ཡིན་པ་ལས། དྲྭ་རྨོངས་བྱེད་ལས་ཅན་གྱིས་ཁ་ལོ་བསྒྱུར་བའི་དུས་མ་ཡིན་པས། ཐུན་མོང་དང་ཐུན་མོང་མ་ཡིན་པ་སྐབས་ཕྱེ་སྟེ། ད་ལྟ་རང་རེས་གངས་ཅན་ཀྱི་རིག་གཞུང་ཁྱབ་གདལ་དུ་སྤེལ་བའི་དུས་འདིར། ཡུལ་གྲུ་སོ་སོའི་མཁས་དབང་དང་གླུ་གར་གྱི་བརྙན་པ་སོགས་རང་རང་གི་དྲྭ་ཐོག་ཏུ་འཇུག་ཐུབ་ན། བོད་མི་རིགས་ལ་རིག་གཞུང་ཕྱུག་པོ་ཡོད་པ་ཤེས་ཐུབ་པར་་མ་ཟད། མ་འོངས་པའི་བུ་རབས་ཚ་བརྒྱུད་ཚོའི་མིག་ཡིད་རྣ་བའི་དགའ་སྟོན་དུ་འགྱུར་སྲིད། དེ་ལས་ཀྱང་གལ་ཆེ་བར་བོད་ཀྱི་ལོ་རྒྱུས་ཀྱི་སློབ་ཁྲིད་དང་། ས་ཆ་དཔྱིད་དབྱར་སྟོན་དགུན་གྱི་དུས་ཚིགས་སོ་སོའི་འགྱུར་ལྡོག་ལ་བརྟེན་པའི་བརྙན་པར་དང་། གླུ་གར་གྱི་ཉམས་ཕུན་སུམ་ཚོགས་པ་རྣམས་ཡིད་འོང་འཕྲོག་པའི་རིགས་གཞུང་ངོ་མཚར་ཅན་ཞིག་མཐོང་སྲིད།
    མདོར་ན། རང་ལྟ་མཆོག་འཛིན་དང་གཞན་ལྟ་ཁྱད་གསོད་ཀྱིས་གླུ་གར་རོལ་མོ་སོགས་ལ་ཆོ་མེད་དོན་མེད་རེད་ཟེར་བ་དང་། ཡར་རེད་མར་རེད་ཅེས་མཐོང་ཆུང་དང་བབ་ཅོལ་བཤད་མི་རུང་ཏེ། དཔེར་ན། གཞས་ཚིག་ནི་སྙན་ངག་དང་སྡེབ་སྦྱོར་སོགས་ཕུན་སུམ་ཚོགས་ཤིང་། བརྗོད་བྱ་ནི་མིའི་རིགས་ཀྱི་ལོ་རྒྱུས་དང་། ཆོས་སྲིད་ཀྱི་མངའ་ཐང་། སྐྱེས་མཆོག་གི་བསྟོད་པ། དགེ་རྒན་གྱི་ཡོན་ཏན། ཕ་མའི་བཀའ་དྲིན། བསམ་པའི་བརྩེ་དུངས། ཡ་རབས་ཀྱི་སློབ་གསོ། ཡུལ་སྲོལ་གོམས་གཤིས་སོགས་འབྲེལ་བ་ཡོད་པ་མང་པོ་ཞིག་ཚུད་ཡོད་པས། བློ་གྲོས་ཀྱི་འཇུག་པ་གུ་དོག་པོས་དེ་ལྟར་སྨོད་པ་ཡིན་ན་བྱ་དཀའ་བྱེད་གཏད་ཀྱིས་གླེན་རྟགས་བསྟན་པ་མ་ཟད་མ་འོངས་མི་རབས་རྗེས་མ་དག་ལ་ལོ་རྒྱུས་ཀྱི་དཔང་རྟགས་ཡག་ཤོས་སུ་འགྱུར་སྲིད་པ་དེ་ཡང་ཆུད་ཟོས་སུ་བཏང་བའི་ནག་ཉེས་སུ་འགྱུར་སྲིད་དོ།།
    ཡུལ་ཤུལ་གྱི་ངོ་སྤྲོད་སྙིང་བསྡུས། བསིལ་ལྡན་གངས་རི་དཀར་པོས་མཐའ་ཡོངས་སུ་བསྐོར་བའི་བོད་ཆོལ་ག་གསུམ་གྱི་ཡ་གྱལ། མདོ་སྟོད་ཆོལ་ག་ལས། དཔལ་ལྡན་ཆབ་མདོ། སྒ་སྐྱེ་རྒུ་མདོ། མི་ཉག་དར་རྩེ་མདོ་ཞེས། མདོ་ཆེན་གསུམ་དུ་གྲགས་པའི་ནང་ཚན། སྒ་སྐྱེ་རྒུ་མདོའམ་ཡུལ་ཤུལ་ཞེས་ད་ལྟ་ཡོངས་སུ་གྲགས་པའི་གནས་མཆོག་དེ་ནི། ཆུ་བོ་ཆེན་པོ། རྨ་རྫ་འབྲི་གསུམ་གྱི་འབྱུང་ཁུངས། རི་བོ་ཆེན་པོ་གངས་རི་དང་རྫ་རི་སྤང་རི་གསུམ་གྱི་འདབ་རྒྱུད། འབྲོང་། རྐྱང་། གཙོད། ཤྭ་བ། གནའ་བ། དགོ་བ་སོགས་རི་དྭགས་སྣ་མང་འཁོར་ས། རྟ་ནོར་ལུག་སོགས་གཡུངས་དག་འཚོ་ས། བྱ་དང་བྱེའུ་རིགས་འདབ་ཆགས་འཁྲི་ས། གྲོ་ནས་འབྲུ་རིགས་སོགས་སྐྱེ་ས། བོད་མི་རིགས་ཀྱི་ཆོས་དང་རིག་གཞུངས་ཕུན་སུམ་ཚོགས་ཅིང་མངའ་ཐང་ལོངས་སྤྱོད་དཔྱིད་ཀྱི་དཔལ་ལ་འགྲན་པར། དགེ་ཚོགས་བསོད་ནམས་གོང་དུ་འཕེལ་བའི་ཡུལ་གྲུ་ལྟ་ན་སྡུག་པ་ཞིག་ཏུ་གྲུབ།
    དེའི་ཤར་ཕྱོགས་སུ་མགོ་ལོག་དང་། ཤར་ལྷོའི་མཚམས་སུ་རྫ་རྒྱུད། ནུབ་ཏུ་ཆབ་མདོ། ལྷོ་ནུབ་ཏུ་ནག་ཆུ། བྱང་དུ་མཚོ་ལྷོ། ནུབ་བྱང་མཚམས་སུ་ཡུ་གུར་དང་འདབ་འབྲེལ་ཡིན་ཞིང་། ས་ཁོངས་རྒྱ་ཆེ་ཞིང་མཛེས་པའི་རྩྭ་ཐང་དང་། ལྷུང་ལྷུང་བཞུར་བའི་ཆུ་བོ་སོགས་དང་། ངོ་མཚར་ཞིང་ཉམས་དགའ་བའི་རྟ་རྒྱུག་མདའ་འཕེན་དང་གླུ་གར་རོལ་མོའི་རྩེད་འཇོ་རྣམ་པར་རོལ་བའི་ལྷ་ཡུལ་འཆར་སྣང་དང་། མཛེས་སྡུག་གི་ཡུལ་ཤུལ་ཞེས་ཀུན་ལ་གྲགས་པའི་ངོས་སྤྲོད་སྙིང་བསྡུས་ཙམ་མོ།།
    དམིགས་བསལ་གྱི་ཡུལ་ཤུལ་ས་ཁུལ་ནས་ཀུན་གྱིས་ཁས་ལེན་པའི་གཞས་འཁྲབ་མཁན་ཡག་ཤོས་ནི་སྒ་སྐྱེ་རྒུ་མདོའི་ལ་རྒྱབ་ཕྱོགས་སུ་ཡོད་པའི་འབྲོང་མདའ་ཤམ་ཡིན་ཞིང་། གཞས་གྱི་སྟངས་སྟབས་དེ་ཡང་ཡུལ་ཤུལ་གྱི་ས་ཆ་གཞན་དང་མི་འདྲ་བར་ཉམས་འགྱུར་ཕུན་སུམ་ཚོགས་པ་སྣ་མང་ཡོད། དམངས་ཁྲོད་མཐོང་ཆེན་བརྩིའི་ཞབས་བྲོ་དེ་དག་འཁྲབ་སྟོན་པས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཧ་ཅང་ཆེན་ཞིང་། གར་སྟེགས་ཐོག་འཁྲབ་སྟོན་བྱེད་མཁན་གྱིས་མི་གཞན་ལ་འཁྲབ་སྟོན་བྱེད་པའི་ཞབས་བྲོ་ཙམ་མིན་པ་ཕོ་གསར་ཚོའི་ཞབས་བྲོ་འཁྲབ་པའི་ཁྲོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་་གསར་གཏོད་དང་མདུན་དུ་སྐྱོད་པར་མཐོང་ཆེན་དུ་བརྩི་བ་དང་། བུ་མོ་ཚོ་ནི་སྤྱོད་བཟང་ཞི་འཇམ་གྱི་རྣམ་འགྱུར་ལྡན་པ་ཞིག་ཡིན། ལྡན་མ་དགེ་བཤེས་བློ་ལྡན་པས།
    ངའི་ངོ་དེབ། www.facebook
    instagram instagram.com
    #Tibetansong
  • กีฬา

ความคิดเห็น • 4

  • @sonamt740
    @sonamt740 ปีที่แล้ว

    ཞེ་ཧ་ཅ་ཅང་ལེགས་

  • @ashika1230
    @ashika1230 3 ปีที่แล้ว +3

    What is the name of this song? Those who know the name of this song please tell me soon.....

  • @ashika1230
    @ashika1230 3 ปีที่แล้ว +3

    Nice song

  • @sonamt740
    @sonamt740 10 หลายเดือนก่อน

    རྩམ་པ་ཟ་བ་མ་རྟོེགས་ངོ་མ་རེད་