༄༅། །གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རིམ་སྐོར་ངོ་སྤྲོད།

แชร์
ฝัง
  • เผยแพร่เมื่อ 7 พ.ย. 2024
  • ༄༅། །དེ་རིང་གི་ནང་ཆོས་ངོ་སྤྲོད་ལེའུ་ཚན་ནང་། གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རིམ་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་པ་ལྟར།
    གཡུང་དྲུང་བོན་གྱི་བསྟན་པ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གིས་སྲོལ་གཏོད་གནང་བ་དང་། གཡུང་དྲུང་བོན་གྱི་བསྟན་འབྱུང་ཁག་ནང་མི་ལོ་ཆིག་ཁྲི་ལྷག་གི་བྱུང་རིམ་ལོ་རྒྱུས་སྐོར་གསལ་ཡོད།
    གཡུང་དྲུང་བོན་ཞེས་པ་ནི། སྤྱད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་ཅན་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཞིག་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེར་བགྲོད་ཆེད་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་། ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་སྟེ། ཕྱི་སྤང་ལམ་འདུལ་བ་མདོ། ནང་སྒྱུར་ལམ་གསང་བ་སྔགས། གསང་བ་གྲོལ་ལམ་རྫོགས་པ་ཆེན་པོ་ཞེས། མདོ་སྔགས་སེམས་དང་གསུམ་སོགས་གདུལ་བྱའི་བློ་དང་བསྟུན་པའི་དབྱེ་བ་དུ་མ་ཕྱེས་གནང་བ་ཞིག་ཡིན། དེ་དག་ཉམས་སུ་ལེན་སྐབས། ཕྱི་ཀུན་སྤྱོད་ཀྱི་རྣམ་བཞག་སྤང་ལམ་མདོ་དང་བསྟུན་ཞིང༌། ནང་ཉམས་ལེན་གྱི་སྙིང་པོ་སྒྱུར་ལམ་སྔགས་ལ་གནང་བ་དང༌། མཐར་ཐུག་བློ་ཕུགས་ཀྱི་གཏད་སོ་གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོར་གཞི་བཅོལ་ནས་མདོ་སྔགས་སེམས་གསུམ་གྱི་གཡུང་དྲུང་བོན་སྒོར་ཞུགས་པ་ཡིན།
    སྟོན་པ་གཤེན་རབ་མི་བོས་གསུངས་པའི་བོན་རྣམས་གདུང་འཚོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་སོགས་ཀྱིས་མདོ་འབུམ་རྒྱུད་མཛོད་སྡེ་བཞི་རུ་ཕྱེས་ནས་དེ་དག་སོ་སོ་ལ་དོན་གྱི་དགོངས་འགྲེལ་གྱི་བཀའ་བརྟེན་བརྩམས་ཤིང༌། སློབ་ཚོགས་རིམ་བསྐྱངས་ཀྱིས་སློབ་མ་སོ་སོས་རང་རང་གི་ཡུལ་དུ་བསྟན་པ་རྒྱ་ཆེར་དར་བར་མཛད། བོད་གངས་ཅན་ཞིང་དུ་བོད་རྗེ་ཐོག་མར་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་དར་ཁྱབ་རྒྱ་ཆེར་བྱུང་བ་དང༌། མདོ་སྔགས་སེམས་གསུམ་གྱི་བོན་སྡེ་སོ་སོར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་སོགས་ཀྱི་སྒོ་ནས་སྤྱད་ཅིང་ཉམས་སུ་བླངས་པའི་མཁས་པ་དང་གྲུབ་པའི་གོ་འཕང་བརྙེས་པའི་སྐྱེས་མཆོག་བསམ་གྱིས་མི་ཁྱབ་པ་ཞིག་ཀྱང་བྱུང༌ཡོད།
    མདོར་ན་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ནས་བཟུང་། ད་ལྟའི་བར་རྒྱུད་ལུང་མན་ངག་གི་ཟམ་མ་ཆད་པར་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཡུལ་གྲུ་གང་ས་དང་། ལྷག་པར་དུ་བོད་གངས་ཅན་པའི་ཕ་ཚ་བུ་རྒྱུད་དང་བཅས་པའི་བགོ་སྐལ་དུ་བཞུགས་བཞིན་ཡོད་པ་བཅས།།
    ༸སྨན་རིའི་བཤད་སྒྲུབ་མཁན་པོ་ག་གཟི་དགེ་བཤེས་ཉི་མ་དོན་འགྲུབ་རིན་པོ་ཆེ།
    ༄༅། །སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རིམ་སྐོར་ངོ་སྤྲོད་གནང་མཁན་ནི། ༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་མཁན་པོ་ག་གཟི་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་ཡིན་པ་ལྟར་ཁོང་གི་མཛད་རྣམ་སྙིང་བསྡུས་ཤིག་ཞུས་ན། རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༧༨ ལོར་ཡབ་ག་གཟི་བསོད་ནམས་གྲགས་པ་དང་། ཡུམ་རྨ་རོང་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་འཁྲུངས། དགུང་ན་ཆུང་དུས་བོན་གཞིས་ཉིན་སློབ་ཏུ་ཕེབས་ཏེ་འཛིན་རིམ་བརྒྱད་པ་མཐར་སོན་རྗེས་ཕྱི་ལོ་ ༡༩༩༢ ལོར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་ཞལ་སྔ་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བཞེས་གནང་མཛད་པ་དང་། ༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་སྒྲིག་ཞུགས་གནང་སྟེ། བོན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་པར་སློབ་གཉེར་གནང་འགོ་ཚུགས།
    ཕྱི་ལོ་ ༡༩༩༦ ལོར་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་ཞལ་སྔ་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བཞེས་གནང་མཛད། ཕྱི་ལོ་ ༢༠༠༦ ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གི་ཞལ་སྔ་ནས་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་དང་ཐུན་མོང་རིག་གནས་བཅས་པར་བསླབ་པ་མཐར་སོན་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་གནང་མཛད།
    ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར། ཕྱི་ལོ་ ༢༠༠༨ ནས་བཟུང་གདན་ས་སྨན་རིའི་བཤད་སྒྲུབ་སློབ་དཔོན་དང་། ཕྱི་ལོ་ ༢༠༡༢ ནས་བཟུང་སྨན་རིའི་བཤད་སྒྲུབ་མཁན་པོའི་ཐུགས་འགན་བཞེས་གནང་གིས་ཉིན་ལྟར་བཤད་སྒྲུབ་སློབ་གཉེར་བས་གཙོས་དོན་གཉེར་ཅན་རྣམས་ལ་སློབ་ཁྲིད་རྒྱུན་ཆགས་སུ་གནང་བཞིན་པ་ཡིན།
    གཞན་ཡང་ཁོང་ནས་སློབ་གཉེར་གྱི་གནས་སྐབས་སུ་སྔ་ཕྱིར་སྨན་རིའི་གྲྭ་ཚང་གི་དུང་པ་དང་། རྒྱ་གླིང་པ། དུང་ཆེན་པ། འཆམ་དཔོན་དང་འཆམ་འཇུག བཤད་སྒྲུབ་འདུས་སྡེའི་རྩིས་པ་དང་དགེ་སྐོས། འཛིན་རིམ་འོག་མར་སློབ་ཁྲིད་གནང་མཁན་བཅས་ཀྱི་འགན་བཞེས་གནང་མཛད།
    དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་རྗེས་སྨན་རིའི་བླ་སྤྱིའི་དྲུང་ཆེ་དང་། གཡུང་དྲུང་བོན་གྱི་དྲ་རྒྱའི་སློབ་སྟོན་པའི་ཐུགས་འགན་བཞེས་གནང་མཛད། ཨ་རི་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་དང་། རྒྱ་གར་གྱི་ས་གནས་མང་པོ་བཅས་སུ་ཆེད་ཕེབས་ཀྱིས་བོན་ཁྲིད་དང་། མཁས་པའི་བགྲོ་གླེང་། ཆོས་ཚོགས་རིམ་པ་མང་པོ་བཅས་སུ་མཉམ་ཞུགས་གནང་སྟེ་ཆ་ཤས་བཞེས་པར་ཆེ་རྒུ་མང་པོས་བསྔགས་འོས་སུ་གྱུར། ཁོང་གི་གསུང་རྩོམ་སྐོར་ལ། (རིགས་སྨྲ་དགྱེས་པའི་མཆོད་སྤྲིན་)ཞེས་པ་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་གི་དཀའ་གནད་གསེད་བཀྲོལ་དང་འབྲེལ་བའི་ཕྱག་དེབ་གཅིག་དང་། (མན་ངག་ལུང་གི་ཡང་ཞུན་) ཞེས་པ་ཕྱག་དེབ་སྟོད་སྨད་གཉིས། (གཡུང་དྲུང་གི་མཚོན་དོན་)ཞེས་པ་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་ཕྱག་དེབ་གཅིག་བཅས་པར་བསྐྲུན་ཟིན་པ་དང་། ད་དུང་ཡང་འགྲེལ་རྩོམ་དང་། བསྟོད་རྩོམ། དཔྱད་རྩོམ། སྙན་རྩོམ་སོགས་ཤིན་ཏུ་མང་པོ་ཞིག་དུས་དེབ་དང་། དྲ་རྒྱ་ཁག་ཏུ་བཀོད་གནང་ཡོད་པ་མ་ཟད། རྒྱ་གར་དང་ཕྱི་རྒྱལ་གྱི་མཁས་པའི་ལེགས་བཤད་དུ་མ་ཞིག་ཧིན་དྷི་དང་། ཨིན་སྐད་ཅི་རིགས་ནས་བོད་བསྒྱུར་གནང་སྟེ་(གཞན་ཕན་གྱི་ཁ་ཏ་བཟང་པོ་)ཞེས་དེང་རབས་སྤྱི་ཚོགས་དྲ་རྒྱའི་ནང་སྤེལ་དང་སྤེལ་མུས་སུ་ཡོད་པ་བཅས།།

ความคิดเห็น •