Dolpo Folk song. ( Bar Rong) དོལ་པོའི་དམངས་གཞས་སྙན་མོ་ཞིག

แชร์
ฝัง
  • เผยแพร่เมื่อ 3 ม.ค. 2025
  • སོ། དབྱར་ལ་སྐྱེས་པའི་མེ་ཏོག།
    སྐལ་བཟང་ལ། ཆུ་དང་ཆར་བས་བསླུས་སོང་།།
    མེ་ཏོག་ལ། ཆུ་དང་ཆར་བས་བསླུས་སོང་།།
    སོ། མེ་ཞིག་གཏོང་དགོས་བསམ་བྱུང་།།
    སྐལ་བཟང་ལ། ཤིང་དང་ཤུག་པས་བསླུས་སོང་།།
    མེ་ཏོག་ལ། ཤིང་དང་ཤུག་པས་བསླུས་སོང་།།
    སོ། ཨ་ཀྱིའི་ཞིང་དང་ཁང་པ།།
    སྐལ་བཟང་ལ། ཨ་ཇོ་ཆེ་བར་དབང་སོང་།།
    མེ་ཏོག་ལ། ཨ་ཇོ་ཆེ་བར་དབང་སོང་།།
    སོ། ཨ་མའི་གཡུ་དང་བྱུ་རུ།།
    སྐལ་བཟང་ལ། བུ་མོ་ཆེ་བར་དབང་སོང་།།
    མེ་ཏོག་ལ། བུ་མོ་ཆེ་བར་དབང་སོང་།།
    སོ། རང་མགོ་ཐོན་ཡོང་བསམ་བྱུང་།།
    སྐལ་བཟང་ལ། བློ་དང་རིག་པས་བསླུས་སོང་།།
    མེ་ཏོག་ལ། བློ་དང་རིག་པས་བསླུས་སོང་།།
    སོ། སྙིང་ལ་སྐྱེས་བའི་ཚི་ལུ།།
    སྐལ་བཟང་ལ། སེམས་པ་སྡུག་གིས་གཞུ་སོང་།།
    མེ་ཏོག་ལ། སེམས་པ་སྡུག་གིས་གཞུ་སོང་།།
    ཟུར་བརྗོད། དོལ་པོའི་དམངས་གླུ་འདི་ནི་ལོ་འདིའི་ནང་ངས་བལྟ་ཉན་མང་ཤོས་དེ་ཡིན། སྐབས་རེར་མཚན་གཉིད་ཁུགས་དཀའ་དུས་སྔས་མགོར་གཞས་འདི་བཏང་ནས་ཉལ་གྱི་ཡོད། གང་ལྟར་གཞས་འདི་ནི་ང་དགའ་མོས་ཧ་ཅང་ཆེ་སའི་དོལ་པོའི་དམངས་གཞས་ཤིག་ཡིན། གཞས་འདིའི་བརྗོད་དོན་ཧྲིལ་པོ་ནི་མི་རབས་ཁ་ཤས་སྔོན་གྱི་སྤྱི་ཚོགས་ཀྱི་སྣང་བརྙན་དངོས་དེ་གསལ་འདོན་བྱས་ཡོད། དེར་བརྟེན་བརྙན་དེའི་ནང་ལའང་གོ་ཐུབ་པ་ནི་སྔོན་མ་གླུ་འདི་གོ་དུས་ངུ་མཁན་ཡང་མང་པོ་ཡོད་སྐད་ལ། ང་ལའང་གླུ་ཚིག་འདིས་སེམས་ཆུང་ཡོམ་ཡོམ་དུ་ཐེངས་མང་བསྒུལ་མྱོང་།
    དོལ་པོ་ནི་རིག་གཞུང་གི་བང་མཛོད་ཅིག་ཏུ་ངོས་འཛིན་བྱེད་ཐུབ་ས་ཞིག་ཡིན། དམངས་གླུ་ཁོ་ནར་མཚོན་ནའང་ང་ཕ་ཡུལ་དུ་ཡུན་རིང་བསྡད། རིག་གཞུང་སོགས་ལ་མྱོང་རོལ་གང་མང་བྱས་མོད་དེ། གླུ་འདི་ད་ལྟ་བར་དུ་གོ་མ་མྱོང་བའི་གྲས་གཅིག་ཡིན། དཔྱོད་ལྡན་ཉིན་ཆུང་གདུང་སྲས་ནས་དོལ་པོའི་དམངས་གླུ་ཕྱོགས་བསྒྲིགས་དེབ་ཆུང་ཞུག་དཔར་ཡོད། འོན་ཀྱང་། གླུ་དེབ་དེར་མ་ཁོད་པའི་དམངས་གླུ་ད་དུང་བརྒྱ་ཕྲག་ལས་མ་ཉུང་བ་ཞིག་ཡོད་ངེས་འདུག
    པདྨ་དགོས་འབྱོར་ནས། 18/12/2021

ความคิดเห็น •