རྣམ་མགུར། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གནས་བསྟོད། ཁོ་བསྟན་གྱིས་བླངས།

แชร์
ฝัง
  • เผยแพร่เมื่อ 15 ต.ค. 2024
  • རྣམ་མགུར།
    བླ་བྲང་བཀྲ་ཤིས་འཁྱིལ་གྱི་གནས་བསྟོད་འདི་ནི་འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་དབང་ཕྱུག་ཚང་གིས་དགོང་ལོ་བཅུ་གསུམ་སྟེང་བརྩམས་པ་ཡིན་འདུག
    བླ་བྲང་ཕྱོགས་སུ་དགེ་འདུན་པ་རྣམས་ཀྱིས་དགོན་པའི་ཤིང་སློང་སྐབས་སོགས་སུ་སྤྲོ་གསེང་གཏོང་སྐབས་༼རྣམ་ཐར་འཐེན་༽ཞེས་གྲྭ་མང་གིས་མཉམ་དུ་རྣམ་མགུར་སྣ་ཚོགས་དབྱངས་སུ་འགུགས་པའི་སྲོལ་ཡོད་པ་དང་། གནས་བསྟོད་འདི་ཡང་དེའི་གྲས་ཀྱི་གཅིག་རེད།
    གནས་བསྟོད་འདིའི་དབྱངས་རྟ་ནི་བླ་བྲང་ཕྱོགས་ཀྱི་༼རྒྱལ་བོ་སྲོང་བཙན་པོའི་རྣམ་ཐར་༽གྱི་དབྱངས་རྟ་ཡང་རེད་ལ། རྣམ་མགུར་འདིའི་རིགས་ནི་ཨ་མདོའི་སྒྲ་སྙན་རྡུང་ལེན་གྱི་ས་བོན་ཡིན་འདུག
    བླ་བྲང་བཀྲ་ཤིས་འཁྱིལ་གྱི་གནས་བསྟོད།
    ༸ ཉམས་ལ་ཉམས་མཚར་དགའ་བ།།
    དེ་རིང་ཉམས་དགའི་ཉི་མ།།
    ནམ་མཁའ་ཕར་ལ་དྭངས་པའི།།
    ང་རངསེམས་པ་དགའ་སོང་།།
    སྤྲོ་ལ་སྤྲོ་ཚུལ་ལེགས་པ།།
    དེ་རིང་སྐྱིད་པའི་སྤྲོ་བ།།
    བླ་མ་དྲན་པའི་ངང་ནས།།
    གང་ཤར་གླུ་འདི་བླངས་སོ།།
    སྐྱབས་ལ་སྐྱབས་མགོན་དམ་པ།།
    སྐྱབས་རྗེ་འཇམ་དབྱངས་བཞད་པ།།
    བཞད་པའི་ཆོས་གསུངས་ཟབ་མོ།།
    འགྲོ་དྲུག་ཆོས་ལ་བཀོད་སོང་།།
    དགོན་ལ་དགོན་པ་ལེགས་པ།།
    མ་དགོན་བཀྲ་ཤིས་འཁྱིལ་བ།།
    བཀྲ་ཤིས་རི་ལ་ཁྱབ་ནས།།
    རི་རླུང་སྐྱིད་ཀྱིས་གང་སོང་།།
    རྒྱབ་ལ་རྒྱབ་རི་ལེགས་པ།།
    རྒྱབ་རི་གླང་ཆེན་ཉལ་འདྲ།།
    གླང་ཆེན་ཉལ་བར་མཚོན་པའི།།
    དགོན་འདི་ཡུན་རིང་གནས་ཡོད།།
    མདུན་ལ་མདུན་རི་ལེགས་པ།།
    མདུན་རི་རིན་ཆེན་སྤུངས་འདྲ།།
    རིན་ཆེན་སྤུངས་པར་མཚོན་པའི།།
    ཆོས་སྲིད་ལུགས་གཉིས་དར་ཡོད།།
    ལོགས་ལ་ལོགས་རི་ལེགས་པ།།
    ལོགས་རི་བཀྲ་ཤིས་རྟགས་བརྒྱད།།
    བཀྲ་ཤིས་རི་ལ་མཚོན་པའི།།
    ས་སྟེང་བཀྲ་ཤིས་ཁྱབ་སོང་།།
    གནམ་ལ་གནམ་ཚུགས་ལེགས་པ།།
    གནས་ཚུགས་འཁོར་ལོ་རྩིབས་བརྒྱད།།
    འཁོར་ལོ་གནམ་ལ་ཤར་འདི།།
    པད་གདན་བཞུགས་པའི་རྟེན་འབྲེལ།།
    ཆུ་ལ་ཆུ་བོ་ལེགས་པ།།
    བསང་གཞུང་དགའ་འཁྱིལ་ཆུ་བོ།།
    བཏུང་ན་མི་མཐུན་མེད་པའི།།
    དྭངས་གསལ་འོད་ཀྱིས་རྒྱན་སོང་།།
    ནགས་ལ་ནགས་ཚལ་བཟང་པོ།།
    ཁུ་བྱུག་དགའ་བའི་ནགས་ཚལ།།
    ནགས་ཚལ་ཉམས་སྣང་དགའ་འདིར།།
    ང་རང་ཤིང་ལོང་བྱས་སོང་།།
    གྲྭ་ལ་གྲྭ་ཚུགས་བཟང་བོ།།
    གྲྭ་ཚང་དྲུག་གི་གྲྭ་བ།།
    གྲྭ་བའི་གྲྭ་ཚུགས་དུལ་བའི།།
    སྐལ་ལྡན་དང་བ་དྲངས་སོང་།།
    དབྱངས་ལ་དབྱངས་རྟ་སྙན་མོ།།
    བཀྲ་ཤིས་འཁྱིལ་གྱི་གསུང་རྟ།།
    འདོན་རྟ་སྙན་བོར་གསུང་པའི།།
    འབྱོར་ལྡན་བསོད་ནམས་བསགས་སོང་།།
    གྲྭ་ལ་གྲྭ་ཚང་བཟང་པོ།།
    རྨད་བྱུང་ཐོས་བསམ་གླིང་བ།།
    ཐོས་བསམ་སྒོམ་སྒྲུབ་བྱས་ནས།།
    རང་སེམས་ཉི་མ་ཤར་སོང་།།
    རྒྱུད་ལ་རྒྱུད་སྡེ་ལེགས་པ།།
    རྒྱུད་གྲྭ་སྟོད་སྨད་གཉིས་ག།
    རྒྱུད་སྡེ་གསང་འཇིགས་གསུངས་ནས།།
    གཤེན་པོ་རྗེས་སུ་བཟུང་ཡོད།།
    ཆོས་ལ་ཆོས་གླིང་བཟང་བོ།།
    ཨེ་ཝཾ་ཆོས་འཁོར་གླིང་བ།།
    ཆོས་ཀྱི་འཁོར་ལོ་བསྐོར་ནས།།
    ཤམྦྷ་ལ་རུ་དྲངས་སོང་།།
    གསང་ལ་གསང་པའི་བསྟན་དར།།
    གསང་སྔགས་དར་རྒྱས་གླིང་བ།།
    གསང་བ་སྔགས་ལ་སྦྱངས་ནས།།
    ཟུང་འཇུག་སྐུ་ལྔ་བསྙེས་སོང་།།
    གསོ་ལ་གསོ་ཚུལ་ལེགས་པ།།
    གསོ་རིག་གཞན་ཕན་གླིང་བ།།
    གསོ་བ་སྨན་ལ་མཁས་པས།།
    སེམས་ཅན་ནད་ལས་བསྐྱབ་སོང་།།
    ལྷ་ལ་ལྷ་ཁང་མཛེས་པ།།
    བཀྲ་ཤིས་འཁྱིལ་གྱི་ལྷ་ཁང་།།
    ལྷ་རྣམས་བྱིན་མཐུ་ཆེ་བའི།།
    ལྷ་ཁང་གཟི་འོད་འབར་ཡོད།།
    མཆོད་ལ་མཆོད་རྟེན་ལེགས་པ།།
    མཆོད་རྟེན་མཐོང་གྲོལ་ཆེན་པོ།།
    མཐོང་དགའ་འོད་དཔག་མེད་པ།།
    མངོན་སུམ་དབུས་ན་བཞུགས་ཡོད།།
    ཕོ་ལ་ཕོ་བྲང་མཐོན་པོ།།
    བླ་བྲང་ཐུབ་བསྟན་ཕོ་བྲང་།།
    ཐུབ་བསྟན་ཕོ་བྲང་རྩེ་ན།།
    ཐུབ་པའི་བསྟན་པ་སྤེལ་ཡོད།།
    ཁང་ལ་ཁང་མིག་ཉམས་དགའ།།
    ང་རང་བདེ་སྐྱིད་ཕོ་བྲང་།།
    ཡང་ཐོག་བསམ་གྲུབ་རྩེ་ན།།
    རྩེ་གཅིག་སྒྲུབ་པ་བྱས་ཡོད།།
    འདི་ནས་སྐྱེ་བའི་འཕྲེང་བར།།
    རྒྱལ་བའི་ལུང་གི་ཟིན་པའི།།
    བཀྲ་ཤིས་གཡས་སུ་འཁྱིལ་བའི།།
    གླིང་འདིར་སྐྱེ་བའི་སྨོན་ལམ།།
    དེང་ནས་ཚེ་རབས་ཀུན་དུ།།
    སྐྱབས་རྗེ་འབྲེལ་བ་མེད་པར།།
    ས་ལམ་རྟོགས་པ་མཐར་བྱིན་ནས།།
    སྐུ་བཞིའི་གོ་འཕང་ཐོབ་ཤོག།
    ཁོང་དགུང་ལོ་བཅུ་གསུམ་སྟེང་གསུང་བས་བླ་བྲང་གི་གནས་བསྟོད།

ความคิดเห็น •