སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་དབུ་འཛུཌ་མཛད་སྒོ། "SERA JEY’S BA-HONOURS PROGRAMME"

แชร์
ฝัง
  • เผยแพร่เมื่อ 13 ม.ค. 2025
  • སེར་བྱེས་ཆེད་སྦྱོང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་དབུ་འཛུགས་མཛད་སྒོ། Inauguration Ceremony of "SERA JEY’S BA-HONOURS PROGRAMME"
    ༄༅། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག །འཇིག་རྟེན་ཞི་བདེའི་དེད་དཔོན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་བསྐྱེད་དམ་བཅའ་བཞི་ལས་རྒྱ་གར་གནའ་རབས་ཤེས་ཡོན་གོང་འཕེལ་གྱི་དགོངས་གཞི་ལ་སྨན་པ་དང་། སྒོས་སུ་རང་རེ་དགེ་འདུན་པ་རྣམས་དཔལ་ནཱ་ལནྡྭ་ནས་བརྒྱུད་པའི་གཞུང་ཆེན་སློབ་གཉེར་གནང་བཞིན་པ་དེ་དག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་མཁས་པའི་དབང་པོ་གཞན་དང་ལྷན་དུ་དཔུང་པ་མཉམ་གཤིབ་དང་། གནའ་བོའི་བོད་བརྒྱུད་ནང་བསྟན་གྱི་སྒོ་ནས་དེང་རབས་ཤེས་ཡོན་ལྟེ་གནས་ཁག་ཏུ་སློབ་ཁྲིད་ཡོང་ཐབས་སུ་མེ་སོར་གཙུག་ལག་སློབ་གཉེར་ཁང་དང་ཟུང་འབྲེལ་ཐོག་ BA Honorary Program ཆེད་དམིགས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་ཐོབ་རྒྱུའི་དེབ་སྐྱེལ་ཞུ་ཐུབ་པ་བྱུང་ནས། ད་ལན་ཨ་རུ་ན་ཅལ་མངའ་སྡེ་སྲིད་བློན་སྐུ་ཞབས་པདྨ་མཁའ་འགྲོ་ (Shri Shri Hon'ble Pema Khando - CM of Arunachal Pradesh) མཆོག་དང་། མེ་སོར་རྒྱལ་པོ་(HE Yaduveer Krishnadatta Chamaraja Wadiyar - King of Mysore) མཆོག་དང་། རྒྱ་གར་དབུས་གཞུང་གི་ནང་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་མིལྕམ་རིན་ཆེན་ལྷ་མོ་ Ms. Rinchen Lhamo-Member of Minorities Comm, GoI མཆོག་དང་། མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཆེན་པོ་སྐུ་ཞབས་ Shi Prof G Hemantha Kumar བཅས་ལྷན་འཛོམས་ཐོག་ཕྱི་ཟླ་༡༠ ཚེས་༢༡ ཉིན་རྒྱབ་ཚོད་༢ ཐོག་སེར་བྱེས་པཀྲིས་ཆོས་གླིང་ཚོགས་ཁང་དུ་འབུ་འབྱེད་མཛད་སྒོ་ཚོགས་སོགས་ཀྱི་བརྙན་པར།།
    With unwavering endeavor and blessed guidance of His Holiness The 14th Dalai Lama, Sera Jey Monastery and its institutes has been a part in the successful preservation of the rich ancient Nalanda knowledge and tradition, training thousands of pupils and seekers with and outside of India, and in bringing prominence & recognition in the circles of other major philosophies. Of late, a major development has been that Sera Jey has received the approval for instituting Specialized Programs, “B.A.Honors” it three disciplines; i) Ancient Tibetan Language, ii) Ancient Philosophy, iii) Ancient Psychology; under University of Mysore To bestow our earnest acknowledgement to this memorable development and for its vast scope, we are delighted to have the Inauguration Ceremony of the B.A.Hons programs graced by distinguished personalities, Shri Pema Khando Hon'ble CM of Arunachal Pradesh, Ms. Rinchen Lhamo-Member Minorities Comm, GoI. Shri. Prof. G.Hemantha Kumar-VC of University of Mysore and H.E. Yaduveer Krishnadatta Chamaraja Wadiyar-Maharaja of Mysore.

ความคิดเห็น •