Bhutanese Latest Song|ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔|Tashi Wangdi and Tshering Choki

แชร์
ฝัง
  • เผยแพร่เมื่อ 12 มิ.ย. 2020
  • Please subscribe my youtube channel: / phurpakaraoke
    Follow on facebook page: / phurpa97
    Singer:
    Tshering Yanki and Tashi Wangdi
    Music:
    Tashi Wangdi
    Composer:
    Khenpo Tshelthrim Dorji
    ཕ་རྗེ་བཙུན་གུ་རུ་པད་འབྱུང་མཁྱེན།།
    དེང་མེད་པའི་བུ་ལ་ཐུགས་རྗེས་གཟིགས།།
    སྐྱབས་རེ་ས་གཞན་ན་མ་མཆིས་ཏེ།།
    ད་ཐུགས་རྗེས་གཟིགས་དང་ཨོ་རྒྱན་རྗེ།།
    ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
    དུས་སྙིགས་མ་ལྔ་བདོའི་དུས་འདི་རུ།།
    ལྷ་བླ་མ་ཡི་དམ་ཁྱེད་ལས་མེད།།
    སྙིང་དབུས་ཀྱི་དཀྱིལ་ནས་གསོལ་འདེབས་ཀྱི།།
    དེང་མེད་པའི་བུ་ལ་ཐུགས་རྗེས་གཟིགས།།
    ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
    རྟན་སྒྱུ་ལུས་མི་བརྟན་སྡོང་པོ་རུ།།
    ཆོས་མི་མཐུན་རྐྱེན་ངན་འཛོམས་དུས་འདིར།།
    ད་རེ་ས་གཞན་ན་མི་འདུག་པས།།
    ཕ་ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་རྗེ།།
    ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
    རྐྱེན་ནད་རིགས་བཞི་བརྒྱ་རྩ་བཞི་དང་།།
    བགེགས་སྟོངས་ཕྲག་མང་པོས་གློ་བུར་དུ།།
    ད་རང་དབང་མེད་པར་འཕྲོག་ཙ་ན།།
    ཕ་ཁྱེད་ལས་རེ་ས་གཞན་འདུག་གམ།།
    ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
    ད་མཁྱེན་ནོ་པད་འབྱུང་ཆེན་པོ་མཁྱེན།།
    ནད་རིམས་ནད་མང་པོ་ཞི་བ་དང་།།
    ཆོས་མི་མཐུན་རྐྱེན་རྣམ་ཞི་བ་ཡི།།
    མཆོག་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ།།
    ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
    #PhurpaKaraoke
    #MusicLyrics
    #BhutaneseLatestSong
    #Karaoke
    #LyricalVideos
  • เพลง

ความคิดเห็น • 1

  • @user-nf9lz4df6q
    @user-nf9lz4df6q 3 หลายเดือนก่อน

    🎉❤🎉❤🎉❤🎉❤🎉❤