𝟐𝟎𝟐𝟑 ཤེར་བསྟན་གྱི་གཞས་གསར། བོད་པའི་བུ་མོ། སྐུ་ཉིད་ཀྱི་རྣ་བའི་བདུད་རྩིར་འགྱུར་བར་སྨོན།

แชร์
ฝัง
  • เผยแพร่เมื่อ 21 ต.ค. 2024
  • བོད་པའི་བུ་མོ་མེ་ཏོག་མ།།
    བགད་ན་འཛུམ་ཡག་ཚིག་གི་ཨ་ལན་ཡག།
    བོད་པའི་བུ་མོ་མེ་ཏོག་མ།།
    གཤིས་ལ་བྱམས་ཡོད་སྙིང་གཏམ་ཆུ་མོ་དྭངས།།
    མིག་གིས་རྩེ་དགའ་གླེང་རེད།།
    འཛུམ་ཆུང་ལ་གཞས་ལེན་རེད།།
    བོད་པའི་བུ་མོ།
    པདྨའི་བཞིན་ཅན་ཡིན་རེད།།
    ངང་བའི་མདོག་འདྲ་ཡོད་རེད།།
    བོད་པའི་བུ་མོ།
    ཨོ། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག།
    ཨོ། དགའ་ལ་ཡེ་སིང་དགའ་ལ་ཡེ་སིང་གི་རོགས།།
    མིག་གིས་རྩེ་དགའ་གླེང་རེད།།
    འཛུམ་ཆུང་ལ་གཞས་ལེན་རེད།།
    བོད་པའི་བུ་མོ།
    པདྨའི་བཞིན་ཅན་ཡིན་རེད།།
    ངང་བའི་མདོག་འདྲ་ཡོད་རེད།།
    བོད་པའི་བུ་མོ།
    ཨོ། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག།
    བོད་པའི་བུ་མོ་མེ་ཏོག་མ།།
    སོང་ན་འགྲོས་ཡག་སེམས་དང་བསམ་པ་ཡག།
    བོད་པའི་བུ་མོ་མེ་ཏོག་མ།།
    ཁ་ཡི་ཚིག་ཡག་བློ་ལ་ཁྲེལ་གཞུང་ཡོད།།
    མིག་གི་དཀྲི་ག་ཡག་རེད།།
    དུང་གི་སོ་ཕྲེང་ཡག་རེད།།
    བོད་པའི་བུ་མོ།
    སྨིན་མའི་ཚེས་རིས་ཡག་རེད།།
    མཆུ་སྒྲོས་རི་མོ་ཡག་རེད།།
    བོད་པའི་བུ་མོ།
    ཨོ། མི་མོའི་ལུས་ལ་ལྷ་མོའི་འཇོ་སྒེག་ཅན། །
    ཨོ། དགའ་ལ་ཡེ་སིང་དགའ་ལ་ཡེ་སིང་གི་རོགས། །
    མིག་གི་དཀྲི་ག་ཡག་རེད།།
    དུང་གི་སོ་ཕྲེང་ཡག་རེད།།
    བོད་པའི་བུ་མོ།
    སྨིན་མའི་ཚེས་རིས་ཡག་རེད།།
    མཆུ་སྒྲོས་རི་མོ་ཡག་རེད།།
    བོད་པའི་བུ་མོ།
    ཨོ། མི་མོའི་ལུས་ལ་ལྷ་མོའི་འཇོ་སྒེག་ཅན། །
    བོད་པའི་བུ་མོ་མེ་ཏོག་མ།།
    གོས་ཀྱི་སུལ་ཡག་སྐྲ་ཡི་ལན་བུ་ཡག།
    བོད་པའི་བུ་མོ་མེ་ཏོག་མ།།
    ཚིག་གི་ཕྲེང་དག་ངག་གི་སྨྲ་བ་འཇམ།།
    ལང་ཚོའི་འཇའ་རིས་ཡག་རེད།།
    རྨ་བྱ་སྔོན་མོ་འདྲ་རེད།།
    བོད་པའི་བུ་མོ།
    ལུས་ཀྱི་སྤོས་དྲི་ཞིམ་རེད།།
    དྲི་ལྡན་མེ་ཏོག་འདྲ་རེད།།
    བོད་པའི་བུ་མོ།
    ཨོ། ཀླུ་ཡི་བུ་མོ་མི་ཡུལ་བྱོན་པ་འདྲ།།
    ཨོ། དགའ་ལ་ཡེ་སིང་དགའ་ལ་ཡེ་སིང་གི་རོགས། །
    ལང་ཚོའི་འཇའ་རིས་ཡག་རེད།།
    རྨ་བྱ་སྔོན་མོ་འདྲ་རེད།།
    བོད་པའི་བུ་མོ།
    ལུས་ཀྱི་སྤོས་དྲི་ཞིམ་རེད།།
    དྲི་ལྡན་མེ་ཏོག་འདྲ་རེད།།
    བོད་པའི་བུ་མོ།
    ཨོ། ཀླུ་ཡི་བུ་མོ་མི་ཡུལ་བྱོན་པ་འདྲ།།

ความคิดเห็น • 3