Sengkhar Dangpa || Bhutanese New Song || Bumthab Lham Tenzin || Kmusic || Pemchu

แชร์
ฝัง
  • เผยแพร่เมื่อ 29 ก.ย. 2024
  • གསེང་མཁར་དང་པ་དམག་སློབ་འགོ་དཔོན་ཡོངས་ཀྱིས་སྨོན་ལམ་བཏབ།།
    དཔལ་མི་དབང་འབྲུག་རྒྱལ་ལྔ་པ་སྐུ་ཚེ་རིང་བཅུག་ཟེར།།
    ང་བཅས་དྲིན་ཅན་ཕ་མ་མི་དབང་རྒྱལ་པོ་བསམ་སྟེ་ཡོད།།
    སེར་ཁྲི་གུ་ལུ་བཞུགས་མི་མི་དབང་བྱང་ཆུབ་སེམས་དཔའ་ཡང་།།
    ཤར་རིའི་རྩེ་ལས་ཤར་བའི་ཁྲི་གདུགས་ཉི་མའི་འོད་ཟེར་འདི།།
    མི་དབང་རྒྱལ་པོ་མཆོག་གི་ཞལ་རས་མཇལ་མཇལཝ་བཟུམ་ར་ཨིན།།
    འགོ་དཔོན་དམག་སློབ་ཨམ་སྲུ་ཡོངས་ཀྱིས་སྨོ།།
    མི་དབང་རྒྱལ་བཙུན་རྗེ་བཙུན་པད་མ་མཆོག་ལུ།།
    སྐུ་ཚེ་ཆུ་ལས་རིང་བའི་སྨོན་ལམ་དང་།།
    ལྷ་དང་ཆོས་སྐྱོང་ཚུ་གིས་ཐུགས་རྗེ་གཟིགས།།
    རྒྱལ་བཙུན་མཆོག་གི་སྐུ་ཚེ་བར་ཆད་འབྱུང་མ་བཅུག།
    འགོ་དཔོན་དམག་སློབ་ཨམ་སྲུ་ཚུ་གི་དྲིན་ཅན་ཨིན།།
    གླིང་གེ་སར་རྒྱལ་པོ་འདྲ་བའི་མི་དབང་རྒྱལ་པོ་མཆོག།
    རྒྱལ་ཁབ་མཐའ་དབུས་མེད་པར་ཞབས་ཀྱིས་བཅགས་གནང་སྟེ་ཡོད།།
    འབྲུག་གི་མི་སེར་ཡོངས་ཀྱི་མཐའ་དོན་གཟིགས་གནང་སྟེ་ཡོད།།
    འབྲུག་གི་མི་སེར་མཉམ་ཆུང་ཚུ་ལུ་སྐྱིད་སྡུག་གནང་སྟེ་ཡོད།།
    འབྲུག་མི་ཡོངས་ཀྱི་དོན་ལུ་དཀོན་མཆོག་གསུམ་དང་དབྱེ་བ་མེད།།
    མི་དབང་མཆོག་གི་འོག་ལུ་སྐྱེས་ཏེ་སྐལ་བ་བཟང་སྟེ་ཡོད།།
    སྟེང་ཕྱོགས་ལྷ་ཡི་ཡུལ་ལས་བྱོན་པའི་རྒྱལ་བཙུན།།
    ས་མཆོག་བུམ་ཐང་ཕྱོགས་ལས་འཁྲུངས་ཏེ་ཡོད།།
    ཨོ་རྒྱན་གུ་རུའི་ལུང་བསྟན་བསྟན་པ་དར་ཏེ།།
    འཇིག་རྟེན་མི་ཡུལ་ལུང་པར་སྐུ་ཚེ་རིང་།།
    བྱང་ཚན་དང་པའི་ཧོངས་ལས་སྨོན་ལམ་ལན་གསུམ་བཏབ།།
    རྒྱལ་བཙུན་མཆོག་གི་སྐུ་ཚེ་བར་ཆད་འབྱུང་མ་བཅུག།

ความคิดเห็น •