༄༅། །རི་བོ་དགེ་ལྡན་པའི་བྱུང་རིམ་ལོ་རྒྱུས།
ฝัง
- เผยแพร่เมื่อ 7 พ.ย. 2024
- ༄༅། །འབྲས་སྤུངས་བློ་གསལ་གླིང་མཁན་ཁླི་ ༨༢ པ་མཁན་རིན་པོ་ཆེ་ཉང་པོ་བློ་བཟང་བསམ་གཏན་མཆོག་ནི་ཕྱི་ལོ་ ༡༩༦༧ ཕྱི་ཟླ་༣ ཚེས་ ༡༥ ཉིན་ལྡིང་དཔོན་ཚ་བ་ཡབ་ཚེ་རིང་དབང་ཕྱུག་དང་ཡུམ་ཚེ་རིང་བུ་ཁྲིད་གཉིས་ཀྱིས་སྲས་སུ་སྐུ་འཁྲུངས་ཤིང། ལོ་ན་བཅུ་གཅིག་གསོན་པ་ན་བལ་ཡུལ་བསམ་གཏན་གླིང་མཁན་རིན་པོ་ཆེ་ཉང་པོ་དགེ་བཤེས་བློ་བཟང་དགེ་འདུན་སྐུ་འདུན་ནས་རབབྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ལ་བློ་བཟང་བསམ་གཏན་ཞེས་གསོལ་གནང་འདུག
དེ་ནས་ཕྱི་ལོ་༡༩༧༩ ལོར འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་བཞུགས་ཀྱིས་ཕ་ར་མཁན་ཟུར་རིན་པོ་ཆེ་རྒན་པདྨ་རྒྱལ་མཚན་མཆོག་དང། རྒན་དབང་ཆེན་ལ་སོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་བཅུ་ཕྲག་གཅིག་ལྷག་ཞབས་རྡུལ་སྤྱི་བོར་བསླངས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་གནང་ནས་གྲྭ་ཚང་རིན་པོ་ཆེའི་རྒྱུགས་སྤྲོད་ཆ་ཚང་གནང།
ཕྱི་ལོ་༡༩༨༧ ལོར་བློ་གསལ་གླིང་གཙུག་ལག་ཁང་རྙིང་པའི་དབུ་འབྱེད་སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་སྐྱེས་ཆེན་དུ་མའི་སྐུ་མདུན་ནས་དབང་ལུང་ཟབ་ཁྲིད་མན་ངག་ཞུས་གནང་མཛད་འདུག དེ་ནས་རིམ་པས་དགེ་ལུགས་རྒྱུགས་སྤྲོད་ཕུལ་ནས་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་གནང་མཛད་འདུག
ཕྱི་ལོ་༡༩༩༩ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་ཐོས་བསམ་གནང་ནས་སྔགས་ཀྱི་རྩོད་རྒྱུགས་སྐབས་རྩེད་ཕུད་ཨང་རིམ་ཐོབ་པ་བྱུང་འདུག དེ་ནས་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་རྒྱུགས་སྤྲོད་དོ་དམ་པའི་འགན་འཛིན་དང། ཞོར་དུ་སློབ་གཉེར་བ་ཚོར་གཞུང་ཆེན་བཀའ་པོད་ལྔ་ཡི་སློབ་ཁྲིད་གནང་བཞིན་མཛད་ཡོད་འདུག
དེ་ནས་ཕྱི་ལོ་༢༠༠༥ ལོར་འབྲས་སྤུངས་བློ་གསལ་གླིང་གི་དགེ་བསྐོས་གནང་ནས་བསྟན་པར་ཕན་པའི་སྒྲིག་འཛུགས་དམ་དོན་གནང་འདུག ཕྱི་ལོ་༢༠༡༡ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་་ཚང་གི་དགེ་བསྐོས་དང་སྔགས་ཀྱི་དམ་བཅའ་བཅས་འཇོག་གནང་མཛད་འདུག
ཕྱི་ལོ་༢༠༠༩ ནས་༢༠༡༦ བར་ལོ་བྲགྱད་རིང་འདི་ག་མོན་གྷོར་འབྲས་སྤུངས་སྒོ་བློ་གཉིས་དང། དགའ་ལྡན་ཤར་བྱང་གཉིས། དེ་བཞིན་ར་སྟོད་དང་བཙུན་མགོན་བཅས་དགོན་སྡེ་དྲུག་གི་ཚན་རིག་གོ་སྒྲིག་འགན་འཛིན་གནང་འདུག
དེ་ནས་ཕྱི་ལོ་༢༠༡༨ ཕྱི་ཟླ་ ༥ ཚེས་༢༥ ཉིན་ ༸སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེའི་ཕྱག་རྟགས་བསྩལ་དོན་ལྟར་ ཕྱི་ལོ་༢༠༡༨ ཕྱི་ཟླ་༦ ཚེས་༣༠ ཉིན་མཁན་རིན་པོ་ཆེའི་ཁྲི་སྟོན་མཛད་སྒོ་གནང་ནས་ད་ལྟ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེའི་མཛད་འགན་གནང་བཞིན་པ་རེད་འདུག