༢༠༢༤ དབྱངས་ཅན་ལྷ་མོའི་གཞས་གསར།

แชร์
ฝัง
  • เผยแพร่เมื่อ 2 ต.ค. 2024
  • དྲན་པའི་གསོས།
    ཁ་བའི་རྨི་ལམ་ནང་ལ།།
    དཔྱིད་ཀྱི་ན་ཆུང་སྦྲུམ་ཡོད།།
    ན་ཆུང་མཛེས་པའི་ལང་ཚོ།།
    ཉི་མའི་འོད་ཀྱིས་བསྐྱངས་ཡོད།།
    ཁ་བ་ཆུ་ལ་གྱུར་རུང་།།
    ཆུ་མོ་དར་ལ་གྱུར་རུང་།།
    པད་དཀར་འཛུམ་པའི་ཞལ་རས།།
    དྲན་པའི་གསོས་སུ་བཞད་ཡོད།།
    བུ་མོའི་འཛུམ་ཆུང་ནང་ལ།།
    མ་འོངས་ལོ་ཟླ་སྐུང་ཡོད།།
    ལོ་ཟླ་བརྟོལ་བའི་ལམ་ཡིག།
    ཤེས་རིག་ནོར་གྱིས་བྱས་ཡོད།།
    ལང་ཚོ་ལམ་ནས་ཟད་རུང་།།
    ལོ་ཟླ་གཉེར་མས་ཟིན་རུང་།།
    ཤེས་རིག་འོད་ཀྱི་ནོར་བུ།།
    དྲན་པའི་གཏིང་ལ་ཉར་ཡོད།།
    ཁ་བའི་རྨི་ལམ་ནང་ལ།།
    དཔྱིད་ཀྱི་ན་ཆུང་སྦྲུམ་ཡོད།།
    ན་ཆུང་མཛེས་པའི་ལང་ཚོ།།
    ཉི་མའི་འོད་ཀྱིས་བསྐྱངས་ཡོད།།
    ཁ་བ་ཆུ་ལ་གྱུར་རུང་།།
    ཆུ་མོ་དར་ལ་གྱུར་རུང་།།
    པད་དཀར་འཛུམ་པའི་ཞལ་རས།།
    དྲན་པའི་གསོས་སུ་བཞད་ཡོད།།
    བུ་མོའི་འཛུམ་ཆུང་ནང་ལ།།
    མ་འོངས་ལོ་ཟླ་སྐུང་ཡོད།།
    ལོ་ཟླ་བརྟོལ་བའི་ལམ་ཡིག།
    ཤེས་རིག་ནོར་གྱིས་བྱས་ཡོད།།
    ལང་ཚོ་ལམ་ནས་ཟད་རུང་།།
    ལོ་ཟླ་གཉེར་མས་ཟིན་རུང་།།
    ཤེས་རིག་འོད་ཀྱི་ནོར་བུ།།
    དྲན་པའི་གཏིང་ལ་ཉར་ཡོད།།

ความคิดเห็น •