།སྦས་ཡུལ་ཡོལ་མོ་གངས་རྭའི་གཏེར་བདག། །ཇོ་མོ་གཡང་ར་ཕྱུག་མོའི་མཆོད་ཕྲིན་ནི།།

แชร์
ฝัง
  • เผยแพร่เมื่อ 5 ต.ค. 2024
  • སྦས་ཡུལ་ཡོལ་མོ་གངས་རྭའི་གཏེར་བདག། །ཇོ་མོ་གཡང་ར་ཕྱུག་མོའི་མཆོད་ཕྲིན་ནི། །༈
    །སྦས་ཡུལ་ཡོལ་མོ་གངས་རྭའི་གཏེར་བདག་ཇོ་མོ་གཡང་རི་ཕྱུག་མོའི་མཆོད་ཕྲིན་ནི།
    ཀྱཻ། ཨོ་རྒྱན་པདྨ་འབྱུང་གནས་ཀྱི། །བོད་ཁམས་བདེ་ལ་འགོད་པའི་ཕྱིར། །སྦལ་ཡུལ་ཡོལ་མོ་གངས་རྭ་ཡི། །རིན་ཆེན་མཆོད་སྡོང་བཙུགས་འདྲ་ན། །པདྨའི་བཀའ་ཉན་དམ་ཚིག་ཅན། །ཇོ་མོ་གཡང་རི་ཕྱུག་མོ་ནི། །དམ་ཚིག་ལྡན་པའི་མི་རྣམས་ལ། །དགོས་པའི་དུས་སུ་ཚུལ་སྟོན་ཚེ། །ན་ཚོད་བཅུ་དྲུག་ལོན་པའི་ཚུལ། །མོ་བཙུན་བཟང་མོ་མཛེས་པའི་བའི་གཟུགས། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཞི་འཇུམ་དགེས་མཛེས་རྫུན་འཕྲུལ་ལྡན། །དབུ་ལ་གཡུ་ཡི་ཀོ་ལྕོག་གསོལ། །མུ་ཏིག་ལེབ་རྒན་ཕྲེང་བ་བསྣམས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །སྣ་ཚོགས་དར་གྱི་ན་བཟའ་གསོལ། ཕྱག་གཡས་དངུལ་དཀར་མེ་ལོང་བསྣམས། །ཕྱག་གཡོན་དཔལ་གྱི་འབྲང་རྒྱས་བསྣམས། །དམ་ཚིག་ལྡན་པའི་མི་རྣམས་ལ། །དངོས་ གྲུབ་དགོས་འོད་ཆར་ལྟར་འབེབས། །མཛེས་པའི་མདངས་ལྡན་ཡ་ལ་ལ། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །རོལ་དུ་གློག་དམར་འཁྱུག་པར་འཁྲིགས། །འཁོར་ནི་སྨན་བཙུན་འབུམ་གྱིས་བསྐོར། །མཛེས་པའི་རྒྱན་ཆ་ཁྲོ་ལོ་ལོ། །དཔའ་མོའི་གར་འཆམ་ཤིགས་སེ་ཤིག།
    །ཁྱེད་རྣམས་འཁོར་དང་བཅས་པ་ལ། །མཐུན་པའི་དམ་རྫས་འདི་འབུལ་ལོ། །རྣལ་འབྱོར་བདག་ཅག་ འཁོར་བཅས་ལ། །ལེགས་པའི་དོན་ཀུན་འགྲུབ་པར་མཛོད།།
    །ཀྱཻ། ཡང་ཅིག་སྨན་བཙུན་སྙན་གསན་འཚལ། །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །ཡུལ་གྱི་མིང་ནི་སྦས་པའི་ཡུལ། །གནས་ཀྱི་མིང་ནི་པདྨའི་ཚལ། །སྙིགས་དུས་མཐའ་དམག་སྐྱོབ་པའི་གནས། །སྔོན་ཚེ་བསྟན་པའི་བདག་པོ་དང་། །སྤྱན་རས་གཟིགས་དང་སྒྲོལ་མ་དང༌། །ཨོཾ་རྒྱན་པདྨའི་སྤྱན་སྔ་རུ། །ཁས་ བླངས་དམ་བཅའ་དྲན་པར་གྱིས། །ཐུབ་པའི་བསྟན་པ་དར་རྒྱས་སྤེལ། །རྟག་ཏུ་གཙུག་ལག་ཁང་རྣམས་སྲུང་། །དགེ་འདུན་འདུས་པའི་ཞབས་ཏོག་སྒྲུབ། །ཆོས་སྐྱོང་རྒྱལ་པོའི་མངའ་ཐང་རྒྱས། །འཁོར་འབངས་བདེ་སྐྱིད་ལྡན་པ་དང༌། །སྐྱེ་ བོའི་བློ་ཁ་ཆོས་ལ་བསྒྱུར། །སྙིང་རྗེ་སེམས་དང་ལྡན་པར་མཛོད། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན། །ཟས་ནོར་ལོངསྤྱོད་འཕེལ་ཞིངརྒྱས། །ཤ་ཁྲག་དབུགས་ལེན་ཁོད་ཁ་ཟློག །ལོ་ཉེས་ཕྱུགས་ཉེས་རིམ་ནད་སྲུངས། །ཡུལ་ཕྱོགས་འདི་རུ་མེད་པར་མཛོད། །ལོ་དགྲ་ཐན་པ་མེད་པ་དང༌། །ཆར་ཆེན་ཆར་དལ་མེད་པར་མཛོད། །གཅན་གཟན་གནོད་པ་ཞི་བ་དང༌། །བྱ་དང་བྱི་བའི་གནོད་པའི་སྲུངས། །ཁྱད་པར་ཡུལ་ཕྱོགས་འདི་ཉིད་དུ། །དམག་དང་འཁྲུག་པ་ཞི་བ་དང༌། །ནད་འཁྲུག་ཁོང་འབྲས་ཞི་བ་དང༌། །ཐོག་འཁྱུག་དྲག་པོའི་དགྲ་ལ་རྒྱོབ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན། །དམ་ཉམས་དགྲ་བོའི་སྲོག་རྩ་ཆོད། །མཐུ་དང་རྫུ་འཕྲུལ་དཔུང་བསྐྱེད་ལ། །ཡོན་མཆོད་ བར་ཆད་ཞི་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད། །ཇོ་མོ་དབྱངས་རི་མ་ལ་མ་ ཧཱ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།་
    །༈ ཅེས་པའང་སྔགས་འཆང་ཤཱཀྱ་བཟང་པོས་མཛད་པ་ལས་ཉེ་བར་བསྡུས་པའོ། །སུས་ཆེན་དཔལ་རིག་འཛིན་ཆེན་པོ་ཀརྨ་བདུད་འཇོམས་ཀྱིས་སོ། །ལྷ་བཙུན་དྲག་རྩལ་རྡོ་རྗེ་ མཆོད་གསོལ་བཞུགས་སོ།་
    །རང་ཉིད་པདྨ་གསལ་བ་ཡིས། །མདུན་དུ་ལྷ་བཙན་ཆེན་པོ་ནི། །སྐུ་མདོག་དམར་ནག་སྤྱན་གསུམ་ལྡན། །བསེ་ཁྲབ་ ལུས་རྒྱན་དབུ་རྨོག་གསོལ། །ཕྱག་གཡས་དར་མདུང་གཡོན་པ་ནི། །དགྲ་སྙིང་རླུང་གི་ཞགས་པ་འཛིན། །བཙན་རྟ་དམར་པོ་གློག་ལྟར་འཁྱུགས། །བསྟན་པ་སྲུང་བའི་མཐའ་ཚིག་ཅན། །སྔོན་ཚེ་སློབ་དཔོན་པདྨ་དང༌། །གྲུབ་པའི་གཏེར་སྟོན་ ཤཱཀྱ་བཙན། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །སྲུང་མ་དམ་ཚིག་མ་གཡེལ་བར། །སངས་རྒྱས་བསྟན་པ་དར་བ་ཡིས། ཡུལ་རིས་རྒྱལ་ཁམས་བདེ་ཞིང་སྐྱིད། །ཁྱད་པར་སྐུ་གསུང་བསྟན་མཆོག་འདི། །ཁྱོད་ལ་བཅོལ་ལོ་མེལ་ཚེ་མཛོད། །ཕྲིན་ལས་མ་ གཡེལ་བསམ་དོན་སྒྲུབ། །དགེ་ལེགས་བཀྲཤིས་ས་མ་ཡ།་
    ཧཱུཾ། རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག། །ཕྱི་ནང་གསང་གསུམ་ལྷ་སྲིན་སྡེ་བརྒྱད་ཚོགས། །ཡུལ་ལྷ་གཞི་བདག་འདི་གནས་ལྷ་འདྲེའི་ཚོགས། །ཀུན་ལ་མཆོད་ཕྲིན་གསེར་སྐྱེམས་འདི་འབུལ་ལོ། །དགེ་ཞིང་དམ་ལྡན་བསྟན་འཁོར་བདག་ཅག་གིས། །ཕྲིན་ལས་རྣམ་བཞི་ཐོགས་མེད་ལྷུན་གྱིས་ གྲུབ། །རེ་བའི་འབྲས་བུ་ཡིད་བཞིན་སྨིན་པར་མཛོད།
    །ཨཾ་མཆོད་དོ། །བྱིན་རླབས་ཀྱི་རྩ་བ་བླ་མ་རྣམས་ལ་མཆོད། དངོས་གྲུབ་ཀྱི་རྩ་བ་ཡི་དམ་རྣམས་ལ་མཆོད། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་དང་། ཞིང་སྐྱོང་མགོནཔོ་ཡབ་ཡུམ་དང༌། རྣམ་ཐོས་སྲས་དང་ ༔ འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །རྒྱ་གར་རྡོ་རྗེ་གདན་གྱི་གཙོ་བྱས་པའི། །ཁྱད་པར་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་ གཉིས། སྟོད་མངའ་རིས་སྐོར་གསུམ། སྨད་མདོ་ཁམས་སྒང་དྲུག བར་དབུས་གཙང་རུ་བཞི། བྱེ་བྲག་ཏུ་ཡུལ་ཕྱོགས་དབེན་གནས། །འདི་ཉིད་ལ་གནས་པའི། ལྷ་ཀླུ་བདུད་བཙན་ས་བདག་ཀླུ་གཉན་ཆེན་པོ་ཐམས་ཅད་ལ་འབུལ་ལོ། །ཁྱོད་ནི་གནས་པོ་ཡིན། བདག་ནི་མགྲོན་པོ་ཡིན། གནས་མགྲོན་གྱི་དམ་ཚིག་བསྲུང༌། དཔོན་སློབ་གྱི་རྟེན་འབྲེལ་སྒྲིགས། གཞི་ཐམས་ཅད་ཆོ་ས་ལྡན་དུ་སྐྱོང་བའི་ཕྲིན་ལས་མཛོད། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་འདུལ་བར་མཛད་དུ་གསོལ། ༈་
    །རཾ་ཡཾ་ཁཾ། བསང་གསུར་འདོད་ཡོན་རྒྱ་མཚོ་འདི། །ཡུལ་འདིའི་ལྷ་ཀླུ་གཞི་བདག་དང༌། །ནཱ་ག་རཱ་ཛཱ་ཀླུ་བདུད་བཙན། །གསོལ་ལོ་བཅོལ་ལོ་ཕྲིན་ལས་ འགྲུབ་པར་མཛོད། །སརྦ་མངྒལ།།

ความคิดเห็น •