ཆོས་རའི་ནང་གི་དྷཱི:སྐད་དུས་དེབ་ལ་གསུང་གིས་བསྔགས་པ་བསྩལ་བའི་བཀའ་སློབ་ཚན་པ་ཞིག

แชร์
ฝัง
  • เผยแพร่เมื่อ 16 ก.ย. 2024
  • དེ་རིང་ནི་ལྷ་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ༧སྤྱི་ནོར་༧གོང་ས་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ངེད་ཅག་སོག་པ་ཁང་ཚན་དུ་ཆིབས་བསྒྱུར་ཐེངས་དང་པོར་བཀའ་དྲིན་བསྐྱངས་པའི་དུས་བཟང་སྐར་བཟང་གི་ཉིན་མོ་ཡིན་ལ། ཉིན་མོ་འདི་སོག་པ་འཇམ་དབྱངས་ཁང་ཚན་གྱིས་ལོ་ལྟར་སྲུང་གཙི་བྱེད་བཞིན་ཡོད། སྐབས་དེར་༧མགོན་པོ་མཆོག་གིས་ངེད་ཅག་ལ་རིན་ཐང་བྲལ་བའི་བླང་དོར་བཀའ་སློབ་བསྩལ་བའི་ནང་གི་ཆོས་རའི་ནང་གི་དྷཱི:སྐད་དུས་དེབ་ལ་གསུང་གིས་བསྔགས་པ་བསྩལ་བའི་བཀའ་སློབ་ཚན་པ་ཞིག་དེ་རིང་སོག་པ་འཇམ་དབྱངས་ཁང་ཚན་གྱི་དུས་བཟང་ཁྱད་པར་ཅན་སྲུང་གཙི་ཞུ་བ་དང་ལྷན་བསྐྱར་འགོད་བྱེད།
    ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ།
    ༄།། བར་ལམ་ཁྱེད་རང་ཚོས་ཆོས་རའི་ནང་གི་དྷཱིཿསྐད་ཅེས་པའི་དུས་དེབ་ཅིག་བཏོན་འདུག་འདོན་ཐེངས་གཅིག་རེད་དམ་ལོ་རེར་ཐེངས་རེ་འདོན་གྱི་ཡོད།
    རགས་ཙམ་བཀླགས་པས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་མཐོང་བྱུང་།
    དོགས་དཔྱོད་ཞེ་དྲགས་ཡག་པོ་བྲིས་འདུག ཆོས་རའི་ནང་གི་དྷཱིཿསྐད་ངོ་མ་རེད།
    བར་ལམ་སྔ་རྗེས་སུ་རྩོད་རྒྱུགས་བཞེས་པའི་སྐབས་སུ་སོག་པ་ཁང་ཚན་གྱི་སློབ་གཉེར་བ་ཡིན་ཞེས་རྟགས་གསལ་གཏོང་མཁན་མང་པོ་བྱུང་སོང་། ངས་དཔེ་ཆ་བལྟས་འདུག་ཟེར་བ་དེ་རེད།
    ཆོས་རའི་ནང་གི་དྷཱིཿསྐད་ཟེར་བ་དེའི་ནང་ལ་རྩོམ་ཡིག་བྲིས་པ་ཚོའི་གྲས་བསམ་བློ་གཏོང་རྒྱུ་ཡོད་པ་ཡག་པོ་བྲིས་འདུག
    ང་དགའ་བོ་བྱུང་།
    བཀའ་སློབ་འདི་སྤྱི་ལོ་༢༠༠༢ ཟླ་ ༡༢ ཚེས་ ༡༥ ལ་སོག་པ་འཇམ་དབྱངས་ཁང་ཚན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་སྐབས་བསྩལ་པའི་བཀའ་སློབ་ལས་ཟུར་འདོན་བྱས་པ་ཡིན།

ความคิดเห็น •