The 16th Kashag’s year in review: reading the fineprint

แชร์
ฝัง
  • เผยแพร่เมื่อ 1 ต.ค. 2024
  • བཀའ་ཤག་སྐབས་ ༡༦ པའི་འདས་པའི་ལོ་གཅིག་གི་ལས་བསྡོམས།
    ཁ་སང་ཕྱི་ཟླ་༢ ཕྱི་ཚེས་ ༡༩ སྟེ། བོད་ཟླ་ ༡ ཚེས་ ༡༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་གཞུང་འབྲེལ་ཚེས་བཅུ་གཟབ་གསོལ་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པར་མཇལ་ཁ་སྩལ་བའི་བ་དང་སྦྲགས། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་ཤག་སྐབས་ ༡༦ པའི་ལོ་གཉིས་དང་ཕྱེད་ཀའི་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་པ་འབྲེལ། དུས་ཚིགས་དེ་དང་བསྟུན། དེ་རིང་གི་ང་ཚོའི་ལས་རིམ་འདིའི་ནང་ཉེ་ལམ་འདི་ག་རླུང་འཕྲིན་ཁང་ནས་སྲིད་སྐྱོང་མཆོག་ལ་བཀའ་ཤག་སྐབས་ ༡༦ པའི་ལས་དོན་སྤྱི་དང་། ལྷག་པར་འདས་པའི་ལོ་གཅིག་གི་དུས་ཡུན་ཁྲོད་ཕྱག་ལས་ཇི་གནང་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གི་ལན་འདེབས་གནང་བ་ཞིག་རྒྱང་སྲིང་ཞུས་ཡོད།
    རྣམ་པ་ཚོས་ལས་རིམ་གསན་གཟིགས་གནང་རྗེས་གཤམ་ལ་བཀའ་ཤག་གི་ལས་དོན་དང་འབྲེལ་ནས་དྲི་བ་ཁག་ཡོད་པ་ཡིན་ན་འདི་ག་རླུང་འཕྲིན་ཁང་ལ་ངེས་གནང་ཡོང་བ་དང་། ང་ཚོས་དྲི་བ་དེ་དག་བཀའ་ཤག་ལ་ཡང་བསྐྱར་འགོད་འབུལ་ཞུས་ཆོག
    The 16th Kashag’s year in review: reading the fineprint
    Sikyong Penpa Tsering called on His Holiness the Dalai Lama at his residence to brief about 16th Kashag’s two and half years in office yesterday. While speaking to VOT recently about his work, Sikyong Penpa Tsering asserted his commitment to pursue dialogue with PRC while pushing international advocacy and talked about his flagship program of repopulating the dispersing Tibetan communities in exile among others. If you have any questions or suggestions regarding the 16th Kashag’s work so far, we request you to write in the comment section below. We will take your questions to the Sikyong in our next episode.
    Find more from Voice Of Tibet:
    Website: www.vot.org
    TH-cam: / voiceoftibet
    Twitter: / vot_tibetan
    Instagram: / voice.of.tibet
    Facebook: / voiceoftibet

ความคิดเห็น • 45